Central Council of Tibetan Medicine

Uncategorized @bo

ལྷན་ཚོགས་ཚོགས་ཐེངས་༢༥ བསྐོང་ཚོགས་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་༢༥ པ་དེ་བཞིན་རྡ་ས་བོད་ཀྱི་གསོལ་མགྲོན་ཚོགས་ཁང་ནང་བསྐོང་ཚོགས་གནང་ཡོད། ཚོགས་འདུ་དབུ་འཛུགས་མ་ཞུས་གོང་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་ནས་དགའ་བསུའི་འཚམས་འདྲི་དང་དང་ཚོགས་འདུའི་ངོ་སྤྲོད་ཞུས་གནང་། དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ནས་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༥ ལོའི་ལོ་འཁོར་ལས་བསྡོམས་དང་རྩིས་ཕྲ་བཅས་སྒྲོག་སྦྱང་ཞུས་རྗེས་ཚོགས་འདུ་དངོས་གཞི་སྒོ་འཛུགས་གནང་ཡོད། ཚོགས་ཐེངས་འདིར་བོད་ཀྱི་གསོ་བ་རིག་པའི་ཁྲིམས་སྒྲིག་ལས་དོན་འབྲེལ་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ངོས་ལེན་དེབ་སྐྱེལ་དང་དེ་བཞིན་༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དེབ་སྐྱེལ་འཕར་འགྱངས། གཞན་ཡང་ཉེ་བའི་འཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲོད་བསྟེན་ཐོག་འཐུས་ཤོར་འགྲོ་ཐད་བཀའ་སློབ་ལམ་སྟོན་གནང་བར་བདོ་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ལས་དོན་བྱ་སྒོ་སྤེལ་འཆར། དེ་བཞིན་ཕྱི་ལོ་༢༠༡༧ ལོར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས། གསོ་བ་རིག་པའི་གཟེངས་ཐོན་མི་སྣར་གནང་རྒྱུའི་གཡུ་ཐོག་གཟེངས་རྟགས། གཞན་ཡང་ལྷན་ཚོགས་འདི་མུ་མཐུད་རྒྱུན་གནས་ཡོང་བར་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་གནས་ཡོད་པའི་ཚོགས་མི་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཚོགས་མིར་གཞུང་འབྲེལ་བསྐོ་གཞག་ཡོང་རྒྱུ་བཅས་ལ་སྤྱི་མོས་གྲོས་ཆོད་བྱུང་ཡོད། ད་ལན་ཚོགས་འདུ་འདིའི་ཐོག་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༡།ཁ ༡༡།ག ༡༡།ཅ བཅས་ལའང་སྤྱི་མོས་ཀྱིས་བསྐྱར་བཅོས་གཏན་འབེབས་གནང་ཡོད། ཚོགས་འདུའི་མཇུག་སྡོམ་མཛད་སྒོ་སྟབས་བདེ་ཚོགས་པའི་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སློབ་སྟོན་ཚོགས་མི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལས་ཐོག་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་གདན་ཞུས་ཀྱིས་ལམ་སྟོན་བཀའ་སློབ་གནང་བ་དང་ལྷན་ཚོགས་ཚོགས་གཞོན་སྨན་པ་ཐོགས་མེད་ལགས་ཀྱིས་ལྷན་ཚོགས་ཀྱི་ལས་དོན་ཆེ་ཕྲར་དངོས་ཤུགས་རྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཆེ་ཞུས་པ་དང་སྦྲགས་ཉིན་གསུམ་གྱི་ལྷན་ཚོགས་ལེགས་པར་མཇུག་སྒྲིལ་ཡོད། ད་ལན་ཚོགས་ཐེངས་༢༥ པར་ལྷན་ཚོགས་འཛིན་སྐྱོང་ཚོགས་མི་སྨན་དགེ་རག་རྡོ་བློ་བཟང་བསྟན་འཛིན་ལགས་གཞུང་འབྲེལ་ལས་དོན་གཞན་ཞིག་རྐྱེན་ཚོགས་བཅར་ཐུབ་མེད་པ་ལས་ཚོགས་མི་གཞན་རྣམས་ཚོགས་བཅར་ཞུས་ཐུབ་ཡོད།།   

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་དེབ་སྐྱེལ་རྟོགས་ཞིབ་གནང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༦ ཟླ་༢ ཚེས་༡༦ ཉིན་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ནས་དེ་གའི་མཐོ་སློབ་ཁང་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་དེབ་སྐྱེལ་ཡོང་བའི་ཞུ་སྙན་ཕུན་འབྱོར་བྱུང་དོན་ལྷན་ཚོགས་ནས་རྟོགས་ཞིབ་ཚོགས་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་གནང། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༦ ཉིན་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་རྟོགས་ཞིབ་ཆེད་ཕེབས་གནང་ཞིང་རྟོགས་ཞིབ་དངོས་སུ་སྒོ་བཙུག་མ་ཞུས་གོང་ལྷན་ཚོགས་ཀྱི་དྲུང་ཆེ་ཆེད་ལས་རྒྱུན་ལས་སྨན་པ་ཚེ་རིང་མཚམས་གཅོད་ནས་མཐོ་སློབ་ཀྱི་འགན་འཛིན་ལས་གཙོ་རྣམ་པར་རྟོགས་ཞིབ་ཀྱི་རྒྱབ་ལྗོངས་དང་ཚོགས་མི་རྣམ་པའི་ངོ་སྤྲོད་ཞུས། དངོས་གཞིའི་རྟོགས་ཞིབ་ཆེད་ཚོགས་མི་རྣམས་མཐོ་སློབ་ཀྱི་ཡིག་ཚང་དང་དེ་ནས་རིམ་པས་སློབ་འཁྲིད་འཛིན་ཁང། སློབ་མ་རྣམས་ཀྱི་ཆེད་དུ་ཚོགས་ཁང་དང་སྒོམ་སྒྲུབ་ཁང། དཔེ་མཛོད་ཁང་དང་ནད་པ་བརྟག་དཔྱད་ཁང། སྨན་སྦྱོར་ཁང་དང་ནད་གསོ་ཁང། གཞན་ཡང་སློབ་མའི་སྡོད་ཞག་དང་རང་སྦྱོང་ཁང། དགེ་རྒན་གྱི་ལས་ཤག་དང་ཉེ་འཁོར་ཁོར་ཡུག་གཙང་འཕྲོད་བཅས་ལ་རྟོགས་ཞིབ་གནང། ལྷག་པར་མཐོ་སློབ་དེ་ནས་སློབ་འཁྲིད་གནང་བཞིན་པའི་གསོ་རིག་འབུམ་བཞིའི་སློབ་ཚན་རྣམས་ལྷན་ཚོགས་ནས་གཏན་འབེབ་གནང་བའི་རྩ་འཛིན་གཞིར་བཟུང་སློབ་འཁྲིད་གནང་བཞིན་ཡོད་མེད་བཅས་ལ་རྟོགས་ཞིབ་དྲི་རྩད་ཞུས་གནང། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་འདི་བཞིན་ཕྱི་ལོ་༢༠༡༤ ཟླ་༥ ཚེས་༡༣ ཉིན་དངོས་སུ་སྒོ་འཛུགས་གནང་ཞིང་ད་ལྟའི་འཆར་སློབ་འཁྲིད་སྨན་དགེ་གཉིས་དང་རིག་དགེ་གཅིག སློབ་མ་གྲངས་བུ་བརྒྱད་དང་བོུ་གྲངས་༧ བཅས་སྨན་སློབ་གྲངས་༡༥ སློབ་གཉེར་གནང་བཞིན་ཡོད་འདུག སློབ་ཁང་འདི་བཞིན་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་མིང་ཐོག་ཁྲིམས་མཐུན་ཚོགས་པ་དེབ་སྐྱེལ་ཡོད་པ་དང་འཛིན་སྐྱོང་ཆེད་འགན་འཛིན་ལྷན་ཚོགས་ཟུར་དུ་ཡོད་པས་བཏང་འཛིན་གནང་བཞིན་ཡོད་འདུག བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་གི་དེབ་སྐྱེལ་བྱེད་ཕྱོགས་རྩ་འཛིན་སྒྲིག་གཞི་དགོངས་དོན་ཚོགས་ཆུང་ནས་རྟོགས་ཞིབ་ལས་བསྡོམས་དང་དགོས་འཁོའི་ཡིག་ཆ་ཁག རྟོགས་ཞིབ་ཚོགས་མི་སོ་སོའི་དགོངས་ཚུལ་འགེངས་ཤོག་བཅས་ལྷན་ཚོགས་སུ་ཕུལ་ཟིན་ཞིང་ལྷན་ཚོགས་ཚོགས་ཐེངས་༢༥ པའི་ཐོག་གྲོས་བསྡུར་ཐག་གཅོད་གནང་རྒྱུ་ཡིན།།      

དེབ་སྐྱེལ་འཕར་འགྱངས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་སྨན་པ་ལྷན་རྒྱས་ལ་ཞུ་དོན། ཕྱི་ལོ་༢༠༡༢ ལོར་ལྷན་ཚོགས་ཚོགས་འདུའི་ཐོག་གྲོས་ཆོད་བྱུང་དོན་དང་ལྷག་པར་རྒྱལ་ཕྱི་རྒྱལ་ནང་གི་སྨན་པའི་དེབ་སྐྱེལ་གནང་འགྲོས་དང་མཐུན་པར་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ཀྱི་ལག་འཁྱེར་ལ་དུས་བཀག་དགོས་གལ་ཆེར་གཟིགས་ནས་ཕྱི་ལོ་༢༠༡༢ ལོར་དེབ་སྐྱེལ་ལག་འཁྱེར་ལ་བསྒྱུར་བ་བཏང་ནས་ལག་འཁྱེར་གསར་པ་བཟོས་སྒོ་བཙུགས་ཡོད། དེར་རྟེན་ཕྱི་ལོ་༢༠༡༢ ལོར་དེབ་སྐྱེལ་གསར་པ་བཟོས་པ་རྣམས་ཀྱི་དེབ་སྐྱེལ་དུས་བཀག་དེ་ཕྱི་ལོ་༢༠༡༥ ཟླ་༣ པ་ནས་དུས་བཀག་གཙང་བཞིན་ཡོད་ན་འབྲེལ་ཡོད་ནས་དེབ་སྐྱེལ་དུས་འགྱངས་ཀྱི་དོད་ཧིན་སྒོར་༡༠༠།༠༠ ལྷན་ཚོགས་སུ་འབུལ་ཐོག་དེབ་སྐྱེལ་ལག་འཁྱེར་དེ་སླར་ལོ་གསུམ་རིང་དུས་འགྱངས་གནང་དགོས་པ་ཡིན། ཆབས་ཅིག་དེབ་སྐྱེལ་སྨན་པ་རྣམས་ནས་རང་ཉིད་ཀྱི་ཆེད་ལས་ལོ་རྒྱུས་དང་གནས་འཕར་ལག་འཁྱེར་གྱི་འདྲ་བཤུས་བཅས་ལྷན་ཚོགས་སུ་དུས་འགྱངས་མ་སོང་བར་གཏོང་གནང་ཡོང་བ་ཞུ།། ཞིབ་ཕྲའི་གསལ་བསྒྲགས་འདིར་བསྣུན་ནས་ཀློག་གནང་ཡོང་བ་ཞུ།།

དངུལ་ཁང་ཁ་བྱང་ལ་བསྒྱུར་བ།

  ཚོགས་མི་ལྷན་རྒྱས་ལ་ཞུ་རྒྱུར། ལྷན་ཚོགས་ཀྱི་དེ་སྔོན་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་མཚན་ཐོག་དངུལ་ཁང་ལག་དེབ་ཡོད་པ་དེ་Central Council of Tibetan Medicine ཞེས་དབྱིན་ཡིག་ཐོག་བསྒྱུར་བ་སོང་ཡོད་ན་འབྲེལ་ཡོད་ནས་གཤམ་གསལ་དངུལ་ཁང་ཁ་ཨང་དོ་སྣང་ཡོང་བ་དེ་དོན་མཁྱེན་རྟོགས་སླད་དུ།།   Account name: Central Council of Tibetan Medicine Account no.: 20590110016886 Swift code for bank-to-bank transfer: UCBAINBB001 Address: UCO Bank, CTS Dharamsala – 176215 Distt. Kangra (H.P.) India

ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭར་རྟོགས་ཞིབ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༥ ཟླ་༦ ཚེས་༣༠ ཉིན་ལྷན་ཚོགས་ཀྱི་ཚོགས་མི་སྨན་པ་བསོད་ནམས་ཕུན་ཚོགས་ལགས་ཀྱི་གཙོ་སྐྱོང་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་མི་ངག་དབང་བསྟན་འཛིན་ལགས་དང་རྡ་ས་ས་གནས་འགོ་འཛིན་གྱི་སྐུ་ཚབ་ཚོགས་མི་སྐུ་ཞབས་འདུགས་དཀར་སྐྱབ་ལགས་བཅས་རྟོགས་ཞིབ་ཚོགས་མི་གསུམ་ལས་གྲུབ་པའི་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་རྡ་ས་ཁུལ་དུ་ཆགས་པའི་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭར་རྟོགས་ཞིབ་ཆེད་ཕེབས་གནང། ལྷན་ཚོགས་ནས་གཏན་འབེབ་གནང་བའི་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་དགོངས་དོན་ཀུན་བདེ་བོད་སྨན་བཟོ་གྲྭ་འདི་བཞིན་ཕྱི་ལོ་༢༠༡༢ ལོར་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་ལོ་གསུམ་གྱི་འཕྲལ་སེལ་དེབ་སྐྱེལ་ཞུས་སྤྲོད་གནང་ཡོད་པ་དང། དེ་རྗེས་ཕྱི་ལོ་༢༠༡༤ ལོར་སྨན་སྦྱོར་སྡེ་ཚན་དེར་སྤྱི་བཏང་རྟོགས་ཞིབ་ཞིག་གནང་བ་དང་འདི་ལོའི་ཟླ་༧ ཚེས་༡༩ ཉིན་གོང་གསལ་སྨན་སྦྱོར་ཁང་གི་དེབ་སྐྱེལ་དུས་བཀག་རྫོགས་བཞིན་པར་དེབ་སྐྱེལ་དུས་འགྱངས་ཆེད་ལྷན་ཚོགས་ནས་ད་ལན་རྟོགས་ཞིབ་ཚོགས་ཆུང་འདི་ཟུར་འཛུགས་གནང་ཐོག་སྨན་སྦྱོར་སྡེ་ཚན་དུ་སྨན་རྒྱུ་དང་སྨན་སྦྱོར་ཆེད་ལས། དེ་བཞིན་སྨན་བཟོ་བསྐྲུན་དང་སྨན་སྦྱོར་ལས་མི། ཉེ་འཁོར་ཁོར་ཡུག་དང་སྨན་སྐམ་གསེག་ཚོང་འགྲེམས་སོགས་ལ་ལེགས་པར་རྟོགས་ཞིབ་གནང་ཡོད། ད་ལན་རྟོགས་ཞིབ་འདི་རྟོགས་ཞིབ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད།།  

གསལ་བསྒྲགས།

གལ་ཆེའི་གསལ་བསྒྲགས།  ༄༅། །རྒྱ་ཆེ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་འཚོ་བྱེད་སྨན་པ་ཡོངས་ཀྱི་སྙན་ལམ་དུ། ཆེད་ཞུ། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནས་གསལ་བསྒྲགས་ཞུ་དོན། དང་པོ།མཁྱེན་གསལ་ལྟར་སྐབས་བཅོ་ལྔ་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ གྲོས་ཆོད་བྱུང་དོན་བཞིན་གྲོས་ཚོགས་ནས་རིང་མིན་བསྐྱར་ཞིབ་ཚོགས་ཆུང་ཞིག་ཟུར་འཛུགས་ཐོག་གསོ་བ་རིག་པའི་སྲིད་བྱུས་དང་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལས་དོན་བྱེད་ཕྱོགས་བཅས་སྤྱི་ཡོངས་ལ་བསྐྱར་ཞིབ་ཞིག་གནང་ གཏན་འཁེལ་ཡོད་ན་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་རྣམས་ནས་གོང་གསལ་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་གང་ཅིར་ཕན་པའི་དགོངས་འཆར་ཡོད་ན་འདི་ལས་སུ་༢༠༡༥།༦།༣༠ འགྱངས་མེད་གནང་རོགས་ཞུ། གཉིས་པ། ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་བོད་ཀྱི་གསོ་བ་རིག་པའི་སློབ་ཚན་དང་རྩ་འཛིན་སྒྲིག་གཞི་རྣམས་གཏན་འབེབ་ཀྱིས་གསོ་བ་རིག་པའི་སློབ་གཉེར་ཁང་ཚང་མར་ཅིག་མཐུན་ལག་བསྟར་ཡོང་རྒྱུ་དེ་ཡིན་ན་ འདས་པའི་ལོ་ཤས་ནང་ཆེད་ལས་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཐོག་བོད་ཀྱི་གསོ་བ་རིག་པའི་སྨན་པ་རབ་འབྱམས་པའམ་སྨན་རམས་པའི་སློབ་ཚན་བཀོད་སྒྲིག་གི་དམིགས་བསལ་ཚོགས་འདུ་ཐེངས་གསུམ་ཙམ་ བསྐོང་ཚོགས་གནང་ཐོག་གྲོས་བསྡུར་རིམ་པ་གནང་ནས་སྨན་རམས་པའི་སློབ་ཚན་རྩ་འཛིན་སྒྲིག་གཞི་བཀོད་སྒྲིག་གནང་། ཉེ་བའི་ལྷན་ཚོགས་ཚོགས་ཐེངས་ཉེར་གསུམ་པའི་ཐོག་རྩ་འཛིན་དེར་སླར་གཟིགས་ཞིབ་ཀྱིས་ ཕྱི་ལོ་༢༠༡༥ ཟླ་༡ ཚེས་༨ ཉིན་ཐ་མའི་གཏན་འབེབས་གནང་ནས་འདི་ལོ་༢༠༡༥ ནས་རྩ་འཛིན་སྒྲིག་གཞི་འདི་ལག་བསྟར་ཞུ་རྒྱུ་ཡིན། གསུམ་པ། ཕྱི་ལོ་༢༠༡༢ ལོར་ལྷན་ཚོགས་ནས་སྨན་པའི་དེབ་སྐྱེལ་ལག་འཁྱེར་གསར་བཟོས་གནང་བ་དེ་བཞིན་ལོ་གསུམ་ནས་དུས་བཀག་རྫོགས་བཞིན་ཡོད་ན་ཕྱི་ལོ་༢༠༡༢ ལོར་ལག་འཁྱེར་བཟོས་གནང་བ་རྣམས་འདི་ལོ་ ༢༠༡༥ ཟླ་༤ ཚེས་༡ ནས་སླར་ལོ་གསུམ་རིང་ལག་འཁྱེར་དུས་བཀག་འཕར་འགྱངས་གནང་དགོས་ཀྱི་ཡོད་ན་འབྲེལ་ཡོད་ནས་དེ་དོན་སྨན་ལྷན་ཡིག་ཚང་དུ་འབྲེལ་བ་གནང་རོགས་ཞུ། བཞི་པ། ཕྱི་ལོ་༢༠༡༠ ལོར་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་ལག་བསྟར་གནང་ནས་ད་ཆ་སྒྲིག་གཞི་དེའི་དཔར་ཐེངས་གཉིས་པ་བརྒྱབ་འཆར་ཡོད་ན་ཆེད་ལས་པ་ རྣམས་ནས་གོང་གསལ་སྒྲིག་གཞི་དེའི་ཐོག་བསྣོན་འཕྲིའི་དགོངས་འཆར་མཆིས་ཚེ་ལྷན་ཚོགས་སུ་ཕྱི་ལོ་༢༠༡༥ཟླ་༦ ཚེས་༣༠ འགྱངས་མེད་གནང་འབྱོར་ཡོང་བ་ཞུ། ལྔ་པ། ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ནས་ད་བར་གྱི་སོ་སོའི་ཆེད་ལས་ལོ་རྒྱུས་བོད་དབྱིན་ སྐད་གཉིས་ཀྱི་ཐོག་ཡོད་པ་ཞིག་ལྷན་ཚོགས་གློག་འཕྲིན་ཁ་བྱང་ (cctm2004@gmail.com/chethoe@yahoo.com) འདིའི་ཐོག་བསྐུར་གནང་ཡོང་བ་དེ་དོན་ཡོངས་ཁྱབ་གསལ་བསྒྲགས་སུ་སྨན་ལྷན་ཡིག་ཚང་ ནས་ཕྱི་ལོ་༢༠༡༥ ཟླ་༤…

དམིགས་བསལ་ཚོགས་འདུ།

གསོ་རིག་འབུམ་བཞིའི་སློབ་ཚན་བཀོད་སྒྲིག་གི་དམིགས་བསལ་ཚོགས་འདུ། ཕྱི་ལོ་༢༠༡༥ ཟླ་༤ ཚེས་༢༩།༣༠ ཉིན་གཉིས་ཀྱི་རིང་ལྷན་ཚོགས་ནས་གསོ་རིག་འབུམ་བཞིའི་སློབ་ཚན་བཀོད་སྒྲིག་ཆེད་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང། ཚོགས་འདུའི་ཐོག་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་ གཉེར་ཁང་གི་སློབ་སྤྱིའམ་སྐུ་ཚབ་རེ་གདན་ཞུས་གནང་བ་ལྟར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་སྨན་དགེ་ཡེ་ཤེས་དགེ་ལེགས་ལགས་དང། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་ནས་སྨན་པ་རབ་དགའ། གཞན་ཡང་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་དགེ་ཆེ་དགེ་བཤེས་ཚུལ་ཁྲིམས་དབང་གྲགས་ལགས་དང་ལྷན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་བཅས་ཆེད་ལས་མི་སྣ་བཞི་ལས་གྲུབ་པའི་ཚོགས་ཆུང་གིས་ཉིན་གཉིས་ཀྱི་རིང་ གསོ་རིག་འབུམ་བཞིའི་སློབ་ཚན་དང་ཟུར་བལྟའི་དཔེ་ཆ། རྩིས་དང་ཚན་རིག་ནང་དོན་རིག་པ་སོགས་ཡན་ལག་སློབ་ཚན་བཅས་ལོ་ལྔའི་ནང་གི་བསླབ་གཞི་རྩ་འཛིན་གྱི་སློབ་ཚན་རགས་ཟིན་བཀོད་སྒྲིག་གནང་ཡོད། རགས་ ཟིན་འདི་བཞིན་ལྷན་ཚོགས་ཚོགས་ཐེངས་ཉེར་བཞི་པའི་ཐོག་སླར་གཟིགས་ཞིབ་གྲོས་བསྡུར་གནང་ནས་མཐའ་མའི་གཏན་འབེབ་གནང་རྒྱུ་ཡིན།།  

འཕྲོད་བསྟེན་ཉིན་མོ་བསྲུང་བརྩི།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་བསྲུང་རྩི་ཞུས་པ། ཕྱི་ལོའི་ཟླ་༤ ཚེས་༧ ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཞེས་འཛམ་གླིང་ནང་འཕྲོད་བསྟེན་ཆེད་ལས་པ་ཚོས་འཕྲོད་བསྟེན་དང་འབྲེལ་བའི་གཏམ་བཤད་དང་གོ་རྟོགས་ལས་འགུལ་སྤེལ་གྱི་ཡོད། ལྷན་ཚོགས་ནས་འདི་ལོའི་ འཕྲོད་བསྟེན་ཉིན་མོར་ལྡི་ལི་བསམ་ཡས་གླིང་དང་སྒང་ཏོག་ས་གནས་འགོ་འཛིན་གཉིས་ལ་འབྲེལ་བ་ཞུས་ནས་ས་གནས་སུ་འཕྲོད་བསྟེན་ཉིན་མོ་བསྲུང་བརྩི་དང་འབྲེལ་ད་གའི་ས་གནས་འབྲེལ་མཐུན་སྨན་རམས་པ་ ལྷུན་ཁང་ཉི་མ་ཚེ་རིང་ལགས་དང་སྨན་རམས་པ་བསོད་ནམས་ཚེ་རིང་ཟུར་ཁང་གཉིས་ནས་ས་གནས་མི་མང་ལ་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ཟས་སྤྱོད་ཚུལ་བཞིན་བསྟེན་ཚུལ་དང་ནད་གཞི་སྔོན་འགོག་ཐོག་གསུང་ བཤད་བརྩལ་གནང་ཡོད།        

གནས་ཚུལ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་བསྐྱར་བཅོས་ཁག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག ༢༠༠༣ བསྐྱར་བཅོས་ཁག བསྐྱར་བཅོས་དང་པོ། ༢༠༠༧ བསྐྱར་བཅོས་གཉིས་པ། ༢༠༡༠ བསྐྱར་བཅོས་གསུམ་པ། ༢༠༡༡ བསྐྱར་བཅོས་བཞི་པ། ༢༠༡༢  

བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་ཕྱོགས་དང་ཡིག་ཆ།

བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་ཕྱོགས་དང་ཡིག་ཆ། ཕྱི་ལོ་༢༠༠༧ ལོར་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཆེད་ལས་མཁས་པའི་ཚོགས་ཆུང་ཟུར་འཛུགས་གནང། ཕྱི་ལོ་༢༠༠༨ ལོར་མཁས་པའི་ཚོགས་ཆུང་ནས་ཚོགས་ཆུང་གི་ལས་བསྡོམས་ཤོག་གྲངས་༤༢༥ ཡོད་པ་ཞིག་བཀའ་ཤག་ལ་ཕུལ། ཕྱི་ལོ་༢༠༠༩ ཟླ་༩ ཚེས་༡༠ ཉིན་བཀའ་ཤག་ནས་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཁྲིམས་ཡིག་༡༩༧༠ ལ་མོས་མཐུན་གནང། ཕྱི་ལོ་༢༠༡༠ ཟླ་༤ ཚེས་༢༣ ཉིན་འཕྲོད་བསྟེན་བཀའ་བློན་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་མའི་ནང་གསོ་བ་རིག་པ་ངོས་ལེན་དང་འབྲེལ་བའི་ཁྲིམས་འཆར་སྙན་སྒྲོན་ཞུས། ཕྱི་ལོ་༢༠༡༠ ལོར་གྲོས་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་གནང། ཕྱི་ལོ་༢༠༡༠ ཟླ་༧ ཚེས་༢༡ ཉིན་གྲོས་ཚོགས་གོང་མའི་ཚོགས་ཆུང་ནས་གསོ་བ་རིག་པའི་འཛིན་སྐྱོང་དང་འབྲེལ་བའི་ཆེད་ལས་བསྐོང་ཚོགས་གནང། ཕྱི་ལོ་༢༠༡༠ ཟླ་༨ ཚེས་༡༡ ཉིན་གོང་གསལ་ཚོགས་ཆུང་ནས་གྲོས་ཚོགས་སུ་ལས་བསྡོམས་སྙན་སྒྲོན་ཞུས། ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༥ ཉིན་རྒྱ་གར་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་ཐོག་བགྲོ་གླེང་གནས་ནས་མཐར་ཁྲིམས་འཆར་ལ་མོས་མཐུན་རྒྱབ་སྐྱོར་གནང། ཕྱི་ལོ་༢༠༡༠ ཟླ་༨ ཚེས་༣༡ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་ལ་གྲོས་བསྡུར་གནང་ནས་མོས་མཐུན་རྒྱབ་སྐྱོར་གནང། དེ་ལྟར་གྲོས་ཚོགས་ནས་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་ལ་མོས་མཐུན་གནང་ནས་གྲོས་ཚོགས་ཀྱི་ཕྱི་ལོ་༢༠༡༠ ལོའི་ཁྲིམས་ཡིག་བསྐྱར་བཅོས་ཡིག་ཆ་༤༣ པ་དེ་ཆགས་ཡོད། ཕྱི་ལོ་༢༠༡༠ ཟླ་༩ ཚེས་༢༦ ཉིན་རྒྱ་གར་སྲིད་བློན་མཆོག་ནས་ཆོག་མཆན་མཚན་རྟགས་བཀོད་གནང།…