Central Council of Tibetan Medicine

ལྷན་ཚོགས་ཀྱི་བོད་ཡིག་དྲ་རྒྱ་དབུ་འབྱེད།

IMG_1156

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱ་དེ་སྔ་དབྱིན་ཡིག་ཐོག་ཡོད་པ་དེ་བོད་ཀྱི་སྐད་ཡིག་ཐོག་རང་རེ་སྨན་པ་གཙོས་རྒྱ་ཆེ་བོད་རིགས་མི་མང་གིས་གཟིགས་ཀློག་ཐུབ་པའི་ཆེད་དུ་ལྷན་ཚོགས་ནས་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༢༦ ཉིན་བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཀྱི་དབུ་འབྱེད་མཛད་སྒོ་སྟབས་བསྟུན་དཔལ་ལྡན་འཕྲོད་བསྟེན་སྐུ་ངོ་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ནས་དབུ་འབྱེད་གནང། དྲ་རྒྱ་འདིའི་ནང་བོད་ཀྱི་གསོ་བ་རིག་པ་དང་གསོ་རིག་ལྷན་ཚོགས་འདིའི་ངོ་སྤྲོད་། ༸གོང་ས་མཆོག་གི་གསུང་འཕྲིན་དང་བཀའ་སློབ། ཁྲིམས་ཡིག་དང་སྒྲིག་གཞི་ཁག གསོ་རིག་སྨན་པ་དང་སྨན་གྱི་སློབ་གཉེར་ཁང་དེ་བཞིན་སྨན་སྦྱོར་ཁང་དེབ་སྐྱེལ་ལས་གཞི། གསོ་རིག་གསར་འཕྲིན་དང་གཡུ་ཐོག་གཟེངས་རྟགས། འབྲེལ་ཡུལ་ཁ་བྱང་བཅས་འཁོད་ཡོད་པ་ཡིན།

བོད་ཡིག་གི་དྲ་རྒྱ་གསར་བཟོའི་ལས་གཞིའི་འགྲོ་གྲོན་ཆ་ཚང་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་སྨན་རམས་པ་བསྟན་འཛིན་བདེ་བྱེད་ལགས་ནས་གནང་སོན་བྱུང་བར་ལྷན་ཚོགས་ནས་ཐུགས་རྗེ་ཆེ་ཞེས་ཞུ།།