Central Council of Tibetan Medicine

ཚོགས་མི་གསར་པ་བསྐོས་གཞག

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༦(༡)ང་། ༼ཕྱི་ལུགས་ཀྱི་སྨན་པ་གཅིག་འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་བྱ་རྒྱུ་༽ཞེས་གསལ་བ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༢༢ ཉིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མིར་བསྐོས་གཞག་གནང་། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནི་རྡ་སྟེང་བོད་ཁྱིམ་ནས་སློབ་སྦྱོང་གནང་ནས་ཕྱིས་སུ་བེང་ལོར་སི་དྷཱར་ཐི་སྨན་གྱི་མཐོ་སློབ་ནས་ཕྱི་ལུགས་སྨན་པའི་ལག་འཁྱེར་ཐོབ་པ་དང་ད་ཆ་རྡ་ས་བདེ་ལེགས་སྨན་ཁང་ནང་སྨན་པའི་ཕྱག་ལས་གནང་བཞིན་ཡོད་པ་བཅས་རྒྱབ་ལྗོངས་ལོ་རྒྱུས་མདོར་བསྡུས་སུ།།