བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་བདུན་པའི་ཚོགས་མིའི་འོས་བསྡུའི་གསལ་བསྒྲགས།
༡། སྔོན་གླེང་།
བོད་ཀྱི་གསོ་བ་རིག་པའི་སྨན་པ་དང་སྨན་སྦྱོར་ལག་ལེན་སོགས་ཚུལ་མཐུན་ཡོང་རྒྱུའི་ཆེད་ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༨ པའི་འོག་ ” བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག ” ཅེས་ཁྲིམས་ཡིག་གཏན་འབེབས་ཀྱིས་ལྷན་ཚོགས་འདི་ཆེད་འཛུགས་གནང་བ་ཞིག་ཡིན། ལྷན་ཚོགས་འདིའི་འོག་ད་བར་སྨན་པ་གྲངས་ ༥༦༣ གསོ་བ་རིག་པའི་སློབ་གཉེར་ཁང་གྲངས་ ༦ གསོ་བ་རིག་པའི་སྨན་སྦྱོར་ཁང་གྲངས་ ༥༮༮༯༯ བཅས་ཁྲིམས་མཐུན་ངོས་ལེན་དེབ་སྐྱེལ་ཞུས་ཟིན་པ་ཡིན།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་བརྒྱད་པའི་དགོངས་དོན་བཞིན་ལྷན་ཚོགས་ཀྱི་ཚོགས་མིའི་ལས་འཁུར་དུས་ཡུན་ལོ་གསུམ་རེ་དང་ཁྲིམས་ཡིག་དོན་ཚན་དྲུག་པ་ཚོགས་མིའི་ཡོང་ཁུངས་ཐོག་བསྐྱར་བཅོས་གཏན་འབེབས་ལག་བསྟར་གྱིས་ད་ཡོད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་ ༦ པའི་ཚོགས་མིའི་ལས་འཁུར་དུས་ཡུན་གཙང་བཞིན་ཡོད་ན། སྐབས་བདུན་པའི་ཚོགས་མི་འོས་འདེམས་བྱ་དགོས་པར་བརྟེན། ལྷན་ཚོགས་འདིའི་འོག་དེབ་སྐྱེལ་ཡོད་པའི་སྨན་པ་ཡོངས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་དུས་བཀག་ནང་ཚུད་འོས་འཕེན་གནང་གལ་ཆེ།
༢། ཚོགས་མིའི་ཡོངས་ཁུངས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དྲུག་པའི་དགོངས་དོན་བཞིན།
ཀ ༸གོང་ས་༸སྐྱབས་མགོན་ཆེན་པོའི་བོད་ཀྱི་གསོ་བ་རིག་པའི་༸སྐུའི་བླ་སྨན་པ་བགྲེས་པའམ་བླ་སྨན་ཞབས་ ཞུ་བ་བགྲེས་པ་གཅིག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བསྐོ་བཞག་གནང་རྒྱུ།
ཁ བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་ཚོགས་མི། ༤
བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་དང་། སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་སྨན་པ་ཡིན་ཚེ་སྨོས་མེད་ཐོགགཞན་སྨན་རྩིས་ཁང་ཁྱབ་ཁོངས་སྨན་པ་རྣམས་ཀྱིས་འོས་འདེམས་བྱེད་དགོས།
ག གཞན་ཡོང་ཁུངས་ནས་ཚོགས་མི། ༦
༡། ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ་ཀྱི་སློབ་སྤྱི། ༡
༢། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན་གྱི་འགན་འཛིན། ༡
༣། གསོ་རིག་འབུམ་བཞིའི་རྒྱུན་འཛིན་སྨན་པ་རྣམས་ཀྱིས་འོས་འདེམས་བྱས་པའི་སྨན་པ། ༡
༤། ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་འགན་འཛིན། ༡
༥། གོང་གསལ་དོན་ཚན་གང་དུ་ཡང་མ་ཚུད་པའི་སྨན་པ་རྣམས་ཀྱིས་འོས་འདེམས་བྱས་པའི་སྨན་པའི་སྐུ་ ཚབ། ༢
ང་། ཕྱི་ལུགས་ཀྱི་སྨན་པ་གཅིག་འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་བྱ་རྒྱུ།
ཅ། གསོ་རིག་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་བོད་མི་མ་ཡིན་པའི་སྨན་པ་རྣམས་ནས་རང་ཁོངས་འོས་ འདེམས་བྱས་པའི་སྨན་པ། ༢
ཚོགས་མིའི་འོས་ཆོས།
༡། བོད་མིའི་སྐུ་ཚབ།
ཀ དང་བླངས་དཔྱ་དངུལ་འབུལ་ཆད་ཡོད་པ་མ་ཡིན་པ།
ཁ གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པ།
ག ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
ང བུ་ལོན་བསྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
ཅ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།
༢། བོད་མི་མ་ཡིན་པའི་སྐུ་ཚབ།
ཀ གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པ།
ཁ ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
ག བུ་ལོན་བསྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
ང ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།
ཅ རྒྱལ་ཁབ་དང་ཡུལ་མིའི་ངོ་སྤྲོད་ལག་འཁྱེར་ཡོད་པ།
འོས་བསྡུའི་ལས་རིམ།
༡། འོས་བསྡུ་ཚོགས་ཆུང་གིས་འོས་བསྡུ་གསལ་བསྒྲགས་སོང་ཉིན་ནས་ཉིན་གྲངས་༣༠ནང་ཚུད་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོའི་མཚན་ཐོག་གློག་འཕྲིན་ Email-cctmelection2022@gmail.com སྦྲག་ཐོག Election Committee, C/o Central Council of Tibetan Medicine, Department of Health (CTA) Gangchen Kyishong Dharamsala, Distt Kangra (H.P) 176215 གང་རུང་བརྒྱུད་འོས་འཕེན་པ་སྨན་པ་སོ་སོའི་དེབ་སྐྱེལ་ཨང་གྲངས་མཉམ་འཁོད་ཐོག་སྔོན་འགྲོའི་འོས་གཞི་འབུལ་དགོས།
༢། འོས་གཞི་གསལ་བསྒྲགས་བཏང་ཉིན་ནས་ཉིན་གྲངས་བཅོ་ལྔ་ནང་ཚུད་འོས་འཕེན་པ་རྣམས་ནས་སོ་ སོའི་དེབ་སྐྱེལ་ཨང་གྲངས་འཁོད་ཐོག་དངོས་གཞིའི་འོས་ཤོག་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོའི་ མཚན་ཐོག་གོང་འཁོད་གློག་འཕྲིན་ནམ་སྦྲག་ཐོག་གང་རུང་བརྒྱུད་འོས་འཕེན་པ་སྨན་པ་སོ་སོའི་དེབ་སྐྱེལ་ ཨང་གྲངས་མཉམ་འཁོད་ཐོག་དངོས་གཞིའི་འོས་གཞི་འབུལ་དགོས།
དང་བླངས་འོས་དམིགས་གསལ་བསྒྲགས།
གལ་ཏེ་གོང་གསལ་ཆ་རྐྱེན་ཚང་བའི་ཐོག་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མིར་དྭང་བླངས་ཀྱིས་བཞུགས་བློ་ཡོད་ཚེ་དེབ་སྐྱེལ་ཡོད་པའི་སྨན་པ་བཅུའི་རྒྱབ་གཉེར་ཡོད་ཐོག་ཧིན་སྒོར་༡༠༠༠།༠༠ ཕུལ་ནས་དངོས་གཞིའི་འོས་ནང་ཞུགས་ཆོག
འོས་བསྡུའི་དུས་ཚེས། སྔོན་འགྲོའི་འོས་བསྡུ་ཕྱི་ལོ་༢༠༢༢ ཟླ་༧ ཚེས་༡༨ ནས་ ཟླ་༨ ཚེས་༡༧ བར། དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༢༢ ཟླ་༨ ཚེས་ ༢༢ ནས་ ཟླ་༩ ཚེས་༠༥ བར།
འོས་བསྡུའི་འགེངས་ཤོག
ཨང་། | མིང་དང་ཁྱད་མིང་། | ད་ལྟའི་སྡོད་གནས། | དེབ་སྐྱེལ་ཨང་གྲངས། |
༡།
|
|||
༢།
|
|||
འོས་འཕེན་པའི་དེབ་སྐྱེལ་ཨང་གྲངས།
འོས་འཕེན་པའི་སྐྱེས་ལོ་སྐྱེས་ཚེས། |
དེབ་སྐྱེལ་སྨན་པའི་མཚན་ཐོ།
༡། བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་སྨན་པའི་མཚན་གཞུང་།
༢། བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་མ་ཡིན་པའི་བོད་རིགས་སྨན་པའི་མཚན་གཞུང་།
༣། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་བོད་མི་མ་ཡིན་པའི་སྨན་པའི་མཚན་གཞུང་།
༤། གསོ་རིག་འབུམ་བཞིའི་སྨན་པའི་མཚན་གཞུང་།
ཐུགས་སྣང་དགོས་རྒྱུ།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་འོས་བསྡུའི་སྒྲིག་གཞི་སོགས་ལྷན་ཚོགས་ཀྱི་གཞུང་འབྲེལ་
དྲ་རྒྱའི་ཁ་བྱང་ཐོག་གཟིགས་རྒྱུ་ཡོད་པའི་དགོངས་འཇགས་ཞུ།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པའི་ཚོགས་མིའི་འོས་བསྡུ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢
ཟླ་ ༧ ཚེས་ ༡༨ ལ།།