བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་འདི་ནས་སྐབས་དྲུག་པའི་ཚོགས་མིའི་འོས་བསྡུའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཕྱི་ལོ་༢༠༡༩ ཟླ་༦ ཚེས་༢༤ ཉིན་ཚོགས་ཆུང་ཚོགས་མི་ཚང་འཛོམས་ཐོག་སྐབས་དྲུག་པའི་ཚོགས་མིའི་འོས་བསྡུའི་གསལ་བསྒྲགས་དང་ཁྱབ་ཁོངས་ཚོགས་མིའི་མཚན་ཐོ་དང་འོས་བསྡུའི་འགེངས་ཤོག་བཅས་མཉམ་སྦྱར་གསལ་བསྒྲགས་སོང་ཟིན་ཡོད་ན་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ནས་གཤམ་གསལ་ཁྱབ་ཁོངས་སོ་སོའི་སྨན་པའི་འོས་མིའི་མཚན་གཞུང་ལ་གཟིགས་ཞིབ་ཀྱིས་ཁྱབ་ཁོངས་སོ་སོ་ནས་འོས་མི་གཉིས་སྔོན་འགྲོ་འོས་ཤོག་ཏུ་འོས་འཕེན་གནང་དགོས་པའི་གསལ་བསྒྲགས་ཞུ།
༡། ཚོགས་མིའི་ཡོངས་ཁུངས།
ཀ བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཡོད་པའི་སྨན་པ་གྲངས་༡༣༦ ནས་སྨན་པ་༢ ལ་འོས་འཕེན་རྒྱུ།
ཁ། གསོ་རིག་འབུམ་བཞིའི་སྨན་པ་གྲངས་༡༢ ནས་སྨན་པ་༢ ལ་འོས་འཕེན་རྒྱུ།
ག བོད་མི་མ་ཡིན་པའི་སྨན་པ་གྲངས་༡༤༣ ནས་སྨན་པ་༢ ལ་འོས་འཕེན་རྒྱུ།
ང་། གོང་གསལ་དོན་ཚན་གང་དུ་ཡང་མ་ཚུད་པའི་བོད་རིགས་སྨན་པ་གྲངས་༡༩༢ ནས་སྨན་པ་༢ ལ་འོས་འཕེན་རྒྱུ།
*ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་གྲངས་༡༧ འདས་གྲོངས་སོང་བས་འོས་གཞི་ནས་ཕྱིར་འཐེན་ཞུས་ཡོད།
༢། འོས་བསྡུའི་དུས་ཚེས།
ཀ སྔོན་འགྲོའི་འོས་བསྡུ། ཕྱི་ལོ་༢༠༡༩ ཟླ་༦ ཚེས་༢༩ ནས་ ཟླ་༧ ཚེས་༢༨ བར།
ཁ། དངོས་གཞིའི་འོས་བསྡུ། ཕྱི་ལོ་༢༠༡༩ ཟླ་༨ ཚེས་༡༠ ནས་ ཟླ་༨ ཚེས་༢༤ བར།
༣། འོས་བསྡུའི་རྒྱུད་ལམ།
ཀ གློག་འཕྲིན་བརྒྱུད་གཏོང་ན་གློག་འཕྲིན་ཁ་བྱང་། <cctmelection2016@gmail.com>
ཁ། མྱུར་འཕྲིན་བརྒྱུད་གཏོང་ན་མྱུར་འཕྲིན་ཨང་། <0091 1892 226462>
ག སྦྲག་ཐོག་བརྒྱུད་གཏོང་ན་ཁ་བྱང་།
Election Committee, C/o Central Council of Tibetan Medicine,
Department of Health Building (CTA)
Gangchen Kyishong
Dharamsala – 176215
Distt Kangra (H.P)
INDIA
* སྤྱིར་ཚོགས་མི་རྣམ་པས་འོས་བསྡུའི་འགེངས་ཤོག་བཀང་སྟེ་འོས་བླུག་གནང་དགོས་ཀྱང་ཅི་སྟེ་གནས་སྟངས་རྐྱེན་པས་འོས་བསྡུའི་འགེངས་ཤོག་ཕབ་ལེན་མ་ཐུབ་པ་དང་བཀང་མ་ཐུབ་ཚེ་འགེངས་ཤོག་ནང་གསལ་དོན་ཚན་ཚ་ཚང་འཁོད་ཐོག་གློག་འཕྲིན་བརྒྱུད་གཏོང་ནའང་འཐུས་ཀྱི་ཡོད། གལ་ཏེ་འགེངས་ཤོག་ནང་གསལ་དོན་ཚན་མ་ཚང་ཚེ་འོས་རྩིས་མེད་འགྲོ་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ།
༤། དང་བླངས་འོས་དམིགས་གསལ་བསྒྲགས།
གལ་ཏེ་གོང་གསལ་ཁྱབ་ཁོངས་སོ་སོའི་ཐོག་དང་བླངས་འོས་དམིགས་ཏུ་བཞུགས་བློ་ཡོད་ཚེ་དེབ་སྐྱེལ་ཡོད་པའི་སྨན་པ་བཅུའི་རྒྱབ་གཉེར་ཡོད་ཐོག་ཧིན་སྒོར་༡༠༠༠།༠༠ འབུལ་ནས་དངོས་གཞིའི་འོས་ནང་ཞུགས་ཆོག
༥། ཟུར་སྦྱར་ཁག
ཀ བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞི།
ཁ། འོས་བསྡུའི་ཚོགས་ཆུང་གི་གསལ་བསྒྲགས།
ཨང་། | མིང་དང་ཁྱད་མིང་། | ད་ལྟའི་སྡོད་གནས། | དེབ་སྐྱེལ་ཨང་གྲངས། |
༡། | |||
༢། | |||
འོས་འཕེན་པའི་དེབ་སྐྱེལ་ཨང་གྲངས།
འོས་འཕེན་པའི་སྐྱེས་ལོ་སྐྱེས་ཚེས། |
ང་། ཁྱབ་ཁོངས་སོ་སོའི་སྨན་པའི་མཚན་གཞུང་།
ང།༡ བོད་ཀྱི་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཡོད་པའི་སྨན་པ།