Central Council of Tibetan Medicine

ཟབ་སྦྱོང་གསལ་བསྒྲགས།

༄༅། །བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་འཚོ་བྱེད་སྨན་པ་ཡོངས་ལ།

ཆེད་ཞུ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཟུང་འབྲེལ་གྱིས་ཕྱི་ལོ་༢༠༢༠ ཟླ་༣ ཚེས་༡༧ ནས་༢༡ བར་ཉིན་གྲངས་ལྔའི་རིང་གསོ་རིག་སྨན་པ་གྲངས་༥༠ ལ་གཤམ་གསལ་བརྗོད་གཞིའི་ཐོག་ཟབ་སྦྱོང་གོ་སྒྲིག་ གནང་གཏན་འཁེལ་ཡོད་ན་ཟབ་འཁྲིད་ལ་བཞུགས་བློ་ཡོད་རིགས་ནས་ཕྱི་ལོ་༢༠༢༠ ཟླ་༣ ཚེས་༡༠ ནང་ཚུད་ཡིག་ཐོག་ཐོ་འགོད་ གནང་དགོས་པ་དེ་དོན་གསལ་བསྒྲགས་ཞུ། གོང་གསལ་སྨན་པ་གྲངས་༥༠ ལས་བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་ཧི་མཱ་ཅལ་   མངའ་སྡེ་དང་དེའི་ཉེ་འཁོར་གྱི་སྨན་པ་གྲངས་༣༠ ལ་རྐུབ་སྟེགས་ཟུར་བཅད་ཡོད་པས་བོད་ཀྱི་སྨན་རྩིས་ཁང་སྒྲིག་ཁོངས་ཡོད་པའི་ སྨན་པ་རྣམས་ནས་ཐོ་འགོད་མི་དགོས།  གཞན་རྐུབ་སྟེགས་གྲངས་༢༠ ཡོད་པ་དེ་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ལ་ཡིན་པས་ མཚན་ཐོ་སྔ་རིམ་བཞིན་སྨན་པ་གྲངས་༢༠ ཐོ་འགོད་ཞུ་རྒྱུ་ཡིན། ཟབ་སྦྱོང་ཆེད་ལམ་གྲོན་དོད་ (Travel Allowance – Train AC III Tier མེ་འཁོར་ཨང་གསུམ་པ། / Volvo Bus) དང་བཞུགས་ཡུལ་མགྲོན་ཁང་དང་ཉིན་དགུང་ཞལ་ལག་བཅས་གོ་སྒྲིག་ ཡོད་པ་དེ་དོན་གསལ་བསྒྲགས་ཞུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་༢༠༢༠ ཟླ་༢ ཚེས་༡༤ ལ།།

ཟབ་སྦྱོང་བརྗོད་གཞི།

ཕྱི་ཚེས་༡༧་་༡༨ ཉིན་གཉིས་རིང་།་་་་་་་་་་་་་་་ ཕྱི་ལུགས་སྨན་གྱི་རིག་པ་ལས་བརྟག་དཔྱད་སྙན་ཤོག་གི་ཤེས་བྱ།

ཕྱི་ཚེས་༡༩་་༢༠ ཉིན་གཉིས་རིང་། ་་་་་་་ བོད་ཀྱི་གསོ་བ་རིག་པ་ལས་མཆིན་པའི་གཉན་ཚད་ཐོག་བརྗོད་གཞི་བྱེ་བྲག་པའི་ཟབ་འཁྲིད།

ཕྱི་ཚེས་༢༡ ཉིན་གཅིག་རིང་། ་་་་་་་་་་་་་་ དེང་དུས་སྨན་གྱི་རིག་པ་ལས་སེམས་ཁམས་འཕྲོད་བསྟེན་དང་སྨན་བཅོས་ཐབས་ལམ།

ཟབ་སྦྱོང་འཚོག་ཡུལ།

བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་།