༄༅། །མཁྱེན་ཡངས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་འཚོ་བྱེད་སྨན་པ་ཡོངས་ལ།
ཆེད་ཞུ།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༠༦ ལོར་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་ པ་རྣམས་ཀྱི་དེབ་སྐྱེལ་ཞུ་སྤྲོད་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་ཀྱིས་དེ་ལོ་ནས་འགོ་འཛུགས་ཀྱིས་ད་བར་ཁྱོན་སྨན་པ་གྲངས་༥༠༧ དེབ་སྐྱེལ་ཞུ་སྤྲོད་གནང་ཟིན། གོང་གསལ་སྒྲིག་གཞིའི་དོན་ཚན་༡༠།ཀ༼དེབ་སྐྱེལ་ཟིན་པའི་སྨན་པ་རྣམས་ནས་ལྷན་ ཚོགས་ཀྱིས་གཏན་འབེབས་བྱས་པའི་འདུ་བབས་རིགས་མཆིས་ཚེ་དུས་ཐོག་འབུལ་ཐུབ་པ་དགོས་རྒྱུ།༽ཞེས་གསལ་བ་ལྟར་ལྷན་ ཚོགས་ནས་ཕྱི་ལོ་༢༠༠༨ ལོ་ནས་ལོ་རེའི་ཚོགས་དངུལ་འདུ་བྱ་གཏན་འབེབས་ཀྱིས་བསྡུ་བཞེས་འགོ་འཛུགས་ཡོད་པས་ད་བར་ སྨན་པ་མི་ཉུང་བས་ལོ་རེའི་ཚོགས་དངུལ་དུས་ཐོག་འབུལ་ཐུབ་པ་བྱུང་ཡོད། ལྷན་ཚོགས་འདི་བཞིན་མངའ་སྡེའི་གཞུང་འོག་ཁྲིམས་ མཐུན་ཚོགས་པ་དེབ་སྐྱེལ་ཟིན་པ་དང་ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཚོགས་པ་ཞིག་ཡིན་པས་ལྷན་ཚོགས་ཀྱི་ལོ་ རེའི་རྩིས་ཁྲར་དབུས་བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་གནང་བཞིན་ཡོད། སྔ་ལོའི་རྩིས་ཞིབ་སྙན་ ཐོའི་སྐྱོན་གནད་ནང་དེབ་སྐྱེལ་ཟིན་པའི་སྨན་པ་རྣམས་ནས་ཚོགས་དངུལ་དུས་ཐོག་བསྡུས་མ་གནང་བས་ཚོགས་དངུལ་འབབ་ ཧིན་སྒོར་འབུམ་བཞི་ཅུ་ཞེ་ལྔ་དང་ཆིག་ཁྲི་བཞི་སྟོང་བརྒྱ་མེད་དྲུག་ཅུ་རེ་ལྔ་༼༤,༥༡༤,༠༦༥༽ ཡོང་བསྡད་ཀྱི་གནས་སྟངས་ཐོག་ གསལ་སྟོན་གནང་ཡོད། གོང་གསལ་རྩིས་ཞིབ་སྙན་ཐོའི་སྐྱོན་གནད་ལ་ལྷན་ཚོགས་ནས་མཇུག་སྐྱོང་ལན་འདེབས་གནང་དགོས་ལ་ སོང་ཚོགས་དངུལ་འབུལ་ཆད་ཡོད་པའི་ཚོགས་མི་༼དེབ་སྐྱེལ་མཚན་གཞུང་མཉམ་སྦྱར་༽རྣམས་ནས་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་ ༣༡ འགྱངས་མེད་ལྷན་ཚོགས་ཀྱི་གཤམ་གསལ་དངུལ་ཁང་ཁ་བྱང་ཐོག་ཚོགས་དངུལ་འབུལ་གནང་ཡོང་བ་ཞུ། ཅི་སྟེ་ཚོགས་མི་ གང་ཞིག་ལ་ཚོགས་དངུལ་བསྡུ་འབུལ་ཞུ་རྒྱུར་དཀའ་ངལ་མཆིས་ཚེ་ལྷན་ཚོགས་སུ་རྒྱུ་མཚན་གསལ་འཁོད་ཀྱི་ཡིག་ལན་ཞིག་ངེས་གནང་ཡོང་བ་ཞུ། སྔ་ལོའི་སྙན་ཐོའི་མཇུག་སྐྱོང་ཆེད་འདི་ག་ལྷན་ཚོགས་ཡིག་ཚང་ནས་ཚོགས་དངུལ་འབུལ་ཆད་ཡོད་པ་རྣམས་ལ་ གློག་འཕྲིན་བརྒྱུད་ཡེ་གེ་བཏང་ཟིན་ཡོད་ན་འབྲེལ་ཡོད་ནས་གཟིགས་ཞིབ་ཡོང་བ་ཞུ། ཚོགས་དངུལ་བསྡུ་བྱ་དང་འབྲེལ་དོགས་འདྲི་ ཡོད་ཚེ་ལྷན་ཚོགས་ཀྱི་གློག་འཕྲིན་ཁ་བྱང་དང་ཡིག་ཚང་གི་ཁ་པར་ཨང་གྲངས། ༠༡༨༩༢ ༢༢༦༤༦༢ (0091-1892-226462) འདིའི་ ཐོག་འབྲེལ་བ་ཡོང་བ་ཞུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༢༠ ཟླ་༡༠ ཚེས་༢༧ ལ་ཕུལ།།
དངུལ་ཁང་ཁ་བྱང་གཤམ་གསལ།
Account Name: Central Council of Tibetan Medicine
Account No: 20590110016886
IFSC Code: UCBA0002059
Address: UCO Bank, CTA, Dharamsala, Kangra Distt. Himachal Pradesh, INDIA