Central Council of Tibetan Medicine

ལས་བྱེད་ས་དམིགས་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་ལས་བྱེད་རྩིས་པ་གཅིག་གི་ས་དམིགས་སྟོང་པ་ཡོད་པས་གཤམ་གསལ་ཆ་རྐྱེན་ཚང་ཞིང་འཛུལ་བཞུགས་གནང་འདོད་ཡོད་པ་རྣམས་ནས་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༣༠ ཕྱི་དྲོའི་ཆུ་ཚོད་ལྔ་པ་འགྱངས་མེད་ལྷན་ཚོགས་ཡིག་ཚང་དུ་ཞུ་སྙན་གནང་འབྱོར་དགོས་པ་དེ་དོན་གསལ་བསྒྲགས་ཞུ།

ཀ ལས་བྱེད་ས་དམིགས་དང་གནས་རིམ།་་་་་ རྩིས་པ། གནས་རིམ་དྲུག་པ།

ཁ། ལས་བྱེད་ངོ་བོ།་་་་་ ཟླ་དྲུག་ནས་ལོ་གཅིག་རིང་ཚོད་ལྟ། དེ་ནས་སྒྲིག་གསལ་གཏན་འཇགས་ལས་བྱེད་བསྐོ་འཆར།

ག ཤེས་ཚད་ཆ་རྐྱེན། ཉུང་མཐར་ (B.Com.) སློབ་ཐོན་ སྟེང་ Tally ལས་མྱོང་ཡོད་པ།

ང། ཚུད་རྒྱུགས། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༩ དང་ཚེས་༡༠ བོད་དབྱིན་རྩིས་གསུམ་གྱི་བྲིས་རྒྱུགས་དང་ངག་རྩད་དྲི་རྒྱུགས།

ཅ། གསོལ་ཕོགས་དང་ཐོབ་ཐང། ཟླ་རེའི་ཕོགས་ཧིན་སྒོར་༡༢༩༩༠།༠༠ སྟེང་ཁང་གླ་དང་གཏན་འཇགས་ལས་བྱེད་ཆགས་ཉིན་ནས་གསོག་དངུལ་ཐོབ་ཐང།

ཆ། གན་རྒྱ། ལས་བྱེད་བསྐོས་གཞག་ཟིན་ནས་ལོ་གཉིས་མ་ཟིན་བར་དགོངས་ཞུ་མི་ཆོག དེའི་ཆེད་ཟླ་རེའི་ཕོགས་ནས་བརྒྱ་ཆ་བཅུ་རེ་གཅོག་འཐེན་གྱིས་ཟུར་འཇོག་བྱ་རྒྱུ། གལ་ཏེ་གན་རྒྱའི་དུས་ཚོད་ལོ་གཉིས་མ་ཟིན་གོང་དགོངས་ཞུ་བྱ་ཚེ་ཟླ་རེའི་ ཕོགས་ནས་བརྒྱ་ཆ་བཅུ་ཟུར་འཇོག་བྱས་པའི་དངུལ་བབ་ཐོབ་རྒྱུ་མེད་པའི་གན་རྒྱ་འཇོག་རྒྱུ། དུས་གཙང་རྗེས་གོང་གསལ་ཟུར་འཇོག་དངུལ་བབ་ཆ་ཚང་དོ་བདག་ལ་ཐོབ་རྒྱུ།

ཇ། ཡིག་ཆའི་ཆ་རྐྱེན།

ཇ།༡     (B.Com./M.Com.) སློབ་ཐོན་ལག་འཁྱེར་ངོ་བཤུས།

ཇ།༢    རྒྱ་གར་དུ་གནས་སྡོད་ཆོག་པའི་ཡིག་ཆའི་(R.C)འདྲ་བཤུས།

ཇ།༣    དཔྱ་ཁྲལ་ལག་དེབ་(Green Book) ཀྱི་འདྲ་བཤུས།

ཇ།༤    གཟུགས་པོ་བདེ་ཐང་ཡིན་པ་ཚད་ལྡན་སྨན་པའི་ངོ་སྦྱོར།

ཇ།༥    གལ་ཏེ་ཚོགས་པ་གཞན་ནང་ཕྱག་ལས་གནང་བཞིན་པ་ཡིན་ན་ཚོགས་པ་དེ་ནས་འགག་ཆ་མེད་པའི་

ཡེ་གེ་བཅས་གོང་གསལ་ཡིག་ཆའི་ཆ་རྐྱེན་རྣམས་ས་གནས་འགོ་འཛིན་ནམ་དབུས་བོད་མིའི་སྒྲིག་འཛུགས་

ཀྱི་དྲུང་འཕར་ཡན་གྱི་གནས་རིམ་ཡིན་པའི་གཞུང་ཞབས་པས་དག་མཆན་བཀོད་དགོས།

ཉ།      ཡིག་རྒྱུགས་ཚོགས་ཆུང་ནས་འཛུལ་བཞུགས་པ་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལྷན་ཚོགས་སུ་གནང་རྒྱུ་དང་ལྷན་ཚོགས་ནས་གྲུབ་འབྲས་རྩེ་ཏོག་ཐོན་པ་དེ་འདེམ་བསྐོ་གནང་རྒྱུ།

གོང་གསལ་ས་དམིགས་ཐོག་ཚུད་པ་རྣམས་ནས་ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༡༦ ནས་ཕྱག་ལས་སྒོ་བཙུག་གནང་དགོས་པ་ཡིན།

དོགས་འདྲི་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ་རྒྱུ་བཅས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་

ཡིག་ཚང་ནས་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡ ལ།།

 

ཁ་བྱང།

Executive Secretary

Central Council of Tibetan Medicine

Gangchen Kyishong, Dharamsala – 176215

Distt Kangra, Himachal Pradesh

India

 

Telephone: 91- 1892-23483/226462

 

E-Mail: chethoe@yahoo.com or cctm2004@gmail.com

 

Website: www.tibmedcouncil.org