Central Council of Tibetan Medicine

འོས་བསྡུའི་གསལ་བསྒྲགས།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འོས་བསྡུའི་ཚོགས་ཆུང་གི་གསལ་བསྒྲགས།

བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་སྐབས་བཞི་པའི་ཚོགས་མི་ཁོངས་སུ་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ཚབ་སྨན་པ་གྲངས་བཞི་ཡོད་པ་ལས་སྨན་པ་སྐལ་བཟང་དོན་ལྡན་ལགས་ ༢༠༡༥ ཟླ་ ༤ ཚེས་༡༦ ཉིན་བོད་ཀྱི་སྨན་རྩིས་ཁང་

གི་སྒྲིག་ཁོངས་ནས་རྩ་དགོངས་སོང་བའི་ཚབ་ཏུ་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་གང་ཞིག་སྨན་པའི་ལྷན་ཚོགས་སུ་དེབ་སྐྱེལ་ཡོད་པ་རྣམས་ནས་འོས་འཕེན་ཐོག་བསྐོ་གཞག་ཞུ་དགོས། དེ་ཡང་བཙན་བྱོལ་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་འོས་

བསྡུའི་སྒྲིག་གཞིའི་དོན་ཚན་བརྒྱད་པར་འོས་བསྡུ་ཚོགས་ཆུང་ཞིག་དགོས་པ་ལྟར་འོས་བསྡུའི་ཚོགས་་ཆུང་དུ་དཔལ་ལྡན་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་དྲུང་ལས་བསོད་ནམས་སྟོབས་རྒྱལ་ལགས་ཚོགས་གཙོ་དང། གསོ་རིག་སྨན་པའི་ལྷན་ཚོགས་ཀྱིས་

བསྐོ་འཛུགས་གནང་བའི་སྨན་པ་མ་ཡིན་པའི་སྐུ་ཚབ་ཏུ་རྩིས་པ་ཚེ་རིང་གཡུ་སྒྲོན་ལགས་ཚོགས་མི། བོད་ཀྱི་སྨན་རྩིས་ཁང་གིས་བསྐོ་འཛུགས་གནང་བའི་སྨན་པ་མ་ཡིན་པའི་སྐུ་ཚབ་ཏུ་དྲུང་ཆེའི་ལས་ཚབ་ཚེ་རིང་ཕུན་ཚོགས་ལགས་ཚོགས་མི་བཅས་འོས་བསྡུའི་

ཚོགས་ཆུང་ནས་འོས་བསྡུའི་ལས་རིམ་གསལ་བསྒྲགས་ཞུ་རྒྱུར།

༡། འོས་དམིགས་ཀྱི་མཚན་གཞུང་མཉམ་སྦྱར་ཞུས་པ་ནང་གསལ་སྨན་པ་ཕོ་མོ་ཁྱད་མེད་གཅིག་ལ་འོས་འཕེན་གནང་དགོས།

༢། འོས་འཕེན་གནང་མི་ད་ལྟ་སྨན་རྩིས་ཁང་དུ་ཕྱག་ལས་གནང་བཞིན་པའི་སྨན་པ་དང་སྒྲིག་གསལ་བགྲེས་ཡོལ་ཞུས་པའི་སྨན་པ་རྣམས་ནས་འོས་འཕེན་གནང་རྒྱུ།

༣། ཐོག་མར་སྔོན་འགྲོའི་འོས་འཕེན་གནང་རྒྱུ་དང་དེ་རྗེས་དངོས་གཞིའི་འོས་འཕེན་གནང་རྗེས་འོས་གྲངས་མཐོ་ཤོས་སུ་བྱུང་གཅིག་བསྐོ་གཞག་ཞུ་རྒྱུ་དང་། བསྐོ་གཞག་བྱུང་མཚམས་ཀ་ཀོར་མེད་པར་འགན་འཁུར་བཞེས་རྒྱུ་ལས་དགོངས་ཞུ་གནང་ཐལ་མེད་པ་དགོས་རྒྱུ།

༤། སྔོན་འགྲོའི་འོས་འཕེན་གྱི་དུས་ཚེས་༢༠༡༥ ཟླ་༦ ཚེས་༤ ནས་ཚེས་༡༨ བར་ཡིན།

༥། འོས་འཕེན་པ་རྣམས་ནས་འོས་བསྡུའི་འགེངས་ཤོག་མཉམ་སྦྱར་ཞུས་པའི་ནང་དོན་ལྟར་བཀང་སྟེ་གློག་འཕྲིན་ནམ་

(E-Mail – cctmelection@gmail.com) མྱུར་འཕྲིན་(Fax – 01892-226462) ཐོག་གཏོང་དགོས།

༦། སྔོན་འགྲོའི་འོས་བསྡུ་ཟིན་མཚམས་དངོས་གཞིའི་འོས་བསྡུའི་གསལ་བསྒྲགས་ཞུ་རྒྱུ་ཡིན་ན་ཚང་མས་མཉམ་བཞུགས་གནང་

དགོས་པ་དེ་དོན་གསལ་བསྒྲགས་སུ་སྨན་པའི་ལྷན་ཚོགས་ཀྱི་འོས་བསྡུའི་ཚོགས་ཆུང་ནས་ཕྱི་ལོ་༢༠༡༥ ཟླ་༦ ཚེས་༣ ལ་ཕུལ།།

 

 

འོས་བསྡུའི་འགེངས་ཤོག

ཨང། མིང་དང་ཁྱད་མིང། ད་ལྟའི་སྡོད་གནས། དེབ་སྐྱེལ་ཨང་གྲངས།
1.  

 

 

 

 

འོས་འཕེན་པའི་མཚན།

 

 

དེབ་སྐྱེལ་ཨང་གྲངས།

 

སྐྱེས་ཚེས།

ཕྱི་ལོ། ༢༠༡༥                      ཟླ།         ཚེས།

 

******************