Central Council of Tibetan Medicine

འོང་རྒྱུའི་ལས་རིམ།

 

    1. གཡུ་ཐོག་གཟེངས་རྟགས་འདེམ་སྒྲུག་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ཟླ་༦ པའི་ནང་ཉིན་གཉིས་ཀྱི་རིང་དམིགས་བསལ་ཚོགས་འདུ་འཚོག་རྒྱུ།
    2. ཕྱི་ལོ་༢༠༡༦ ཟླ་༥།༦ ནང་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དང་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྨན་སློབ་ཀྱི་ཐོན་རྒྱུགས་ཆེན་མོར་རྟོགས་ཞིབ་ཆེད་བཅར་ཞུ་རྒྱུ། 
    3. ཕྱི་ལོ་༢༠༡༦ ཟླ་༥།༦ ནང་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མིའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གནང་རྒྱུ།
    4. ལྷན་ཚོགས་ཀྱི་རྟོགས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ལོ་༢༠༡༦ ཟླ་༩ པའི་ནང་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་དང་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་ལོ་འཁོར་རྟོགས་ཞིབ་གནང་རྒྱུ། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དང། བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང། གཡུ་ཐོག་སྙིང་ཐིག་གསོ་རིག་སྨན་སྦྱོར་ཁང་དུ་ལོ་འཁོར་རྟོགས་ཞིབ་གནང་འཆར།
    5. ལྷན་ཚོགས་ཚོགས་ཐེངས་༢༦ པ་དེ་ཕྱི་ལོ་༢༠༡༦ ཟླ་༩ ཚེས་༢༦ ནས་ཚེས་༣༠ བར་བསྐོང་འཚོག་གནང་རྒྱུ།
    6. གསོ་བ་རིག་པའི་ངོ་སྤྲོད་གཏམ་བཤད་དང་འཕྲོད་བསྟེན་གོ་རྟོགས་ལས་གཞི།