Central Council of Tibetan Medicine

ཚོགས་དངུལ།

ཚོགས་མི།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་དེབ་སྐྱེལ་གནང་ཟིན་པའི་སྨན་པ་རྣམས་ལ་དེབ་སྐྱེལ་ཚོགས་མི་ཞེས་ཚོགས་མི་རྣམ་པས་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ལ་བཅར་དགོས་པ་དང་དེ་བཞིན་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མིའི་འོས་བསྡུའི་ཆ་ཤས་ལེན་དགོས་པ་སོགས་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལ་བརྩི་བཀུར་དངས་ལེན་ཞུ་དགོས་པ་ཡིན། དེབ་སྐྱེལ་ཟིན་པའི་ཚོགས་མི་རྣམས་ལ་ཚོགས་མིའི་ངོ་སྤྲོད་ལག་འཁྱེར་དང་དེ་བཞིན་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་དང་ཟབ་སྦྱོང། གསོ་རིག་གསར་འཕྲིན། དེ་བཞིན་ཁྱབ་ཁོངས་སྨན་པ་རྣམས་དང་འབྲེལ་མཐུད་བྱ་རྒྱུའི་ཁྱད་ཕན་ཡོད་པ་ཡིན།

ཚོགས་དངུལ།

རྒྱ་བལ་འབྲུག་གསུམ་གཏན་སྡོད་ཚོགས་མི་རྣམ་པའི་ཚོགས་དངུལ་བསྡུ་བྱ།

  • ལོ་གཅིག་ལ་ཧིན་སྒོར། ༦༠༠།༠༠
  • ལོ་གཉིས་ལ་ཧིན་སྒོར། ༡༢༠༠།༠༠
  • ལོ་གསུམ་སྡེབ་ལ་གནང་ན་བརྒྱ་ཆ་བཅོ་ལྔ་ཆག་ཡང་བྱས་པའ་ཧིན་སྒོར། ༡༥༣༠།༠༠

ཁ། ཕྱི་རྒྱལ་གནས་བཞུགས་ཚོགས་མི་རྣམ་པའི་ཚོགས་དངུལ་བསྡུ་བྱ།

  • ལོ་གཅིག་ལ་ཨ་སྒོར། ༣༠།༠༠ ཧིན་སྒོར། ༡༩༥༠།༠༠
  • ལོ་གཉིས་ལ་ཨ་སྒོར། ༦༠།༠༠ ཧིན་སྒོར། ༣༩༠༠།༠༠
  • ལོ་གསུམ་སྡེབ་ལ་གནང་ན་བརྒྱ་ཆ་བཅོ་ལྔ་ཆག་ཡང་བྱས་པས་ཨ་སྒོར། ༧༦།༠༠ ཧིན་སྒོར། ༤༩༤༠།༠༠

གལ་ཏེ་ཚོགས་མི་རྣམ་པས་ཚོགས་དངུལ་དངུལ་ཁང་བརྒྱུད་ནས་གཏོང་འདོད་ན་གཤམ་གསལ་ལྷན་ཚོགས་ཀྱི་དངུལ་ཁང་ཁ་བྱང་འདིའི་ནང་བསྐུར་གནང་ཡོང་བ་ཞུ།

  • Account Name: Central Council of Tibetan Medicine
  • Account No. 20590110016886
  • IFSC Code: UCBA0002059
  • MICR Code: 17602809

Address:

UCO Bank, CTA, Dharamsala
Kangra Distt. Himachal Pradesh
India

*** བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་༢༧ པའི་ཐོག་གྲོས་ཆོད་བྱུང་དོན་འཆར་ལོ་༢༠༡༧ ཟླ་༤ ཚེས་༡ ནས་ཕྱི་རྒྱལ་གནས་བཞུགས་དེབ་སྐྱེལ་སྨན་པའི་ཚོགས་མི་རྣམ་པའི་ལོ་རེའི་ཚོགས་དངུལ་དོད་བརྒྱ་ཆ་ཕྱེད་ལྷག་ཙམ་གཅོག་ཆ་གནང་ནས་འདི་ལོ་ནས་ལོ་རེར་ཚོགས་དངུལ་ཨ་སྒོར། ༣༠ ལོ་གཉིས་ལ་ཨ་སྒོར། ༦༠ ལོ་གསུམ་སྡེབ་ལ་གནང་ན་ཨ་སྒོར། ༧༦ བཅས་གོང་གསལ་དོད་གཏན་འབེབ་གནང་ཡོད་པ་དགོངས་འཇགས་ཞུ། ཚོགས་མི་ཁག་ཅིག་ནས་ལོ་ལྟར་ཚོགས་དངུལ་གནང་བཞིན་ཡོད་པ་རྣམས་ལ་སྔ་ལོ་ཕུལ་ཟིན་པ་རྣམས་འདི་ལོའི་ཚོགས་དངུལ་གཞིར་བཟུང་གཅོག་འཐེན་བྱ་རྒྱུ་ཡིན།