Central Council of Tibetan Medicine

དེབ་སྐྱེལ་གནང་སྟངས།

བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་དེབ་སྐྱེལ་གནང་ཕྱོགས། 

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་༩།༡༠ དགོངས་དོན་ཕྱི་ལོ་༢༠༠༦ ལོར་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་དེབ་སྐྱེལ་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་ཀྱིས་སྒྲིག་གཞི་དོན་ཚན་༨།ག ནང་གསལ་དེབ་སྐྱེལ་འགེངས་ཤོག་དང་དེབ་སྐྱེལ་ལག་འཁྱེར་དོད་བཅས་གཤམ་གསལ་གཏན་འབེབས་གནང་ཡོད། བོད་ཀྱི་གསོ་བ་རིག་པའི་ལག་ལེན་གནང་མཁན་སྨན་པ་གང་ཞིག་ལྷན་ཚོགས་འོག་དེབ་སྐྱེལ་གནང་མེད་ཚེ་ལྷན་ཚོགས་སུ་འབྲེལ་བ་གནང་ནས་ངེས་པར་དེབ་སྐྱེལ་གནང་དགོས།

དེབ་སྐྱེལ་བྱེད་ཕྱོགས་རྩ་འཛིན་སྒྲིག་གཞི་དང་འགེངས་ཤོག་བཅས་ལྷན་ཚོགས་ནས་ཡིག་ཚང་ནས་ཐད་ཀར་བཞེས་ཆོག ཡང་འགེངས་ཤོག་དང་སྒྲིག་གཞི་བཅས་དྲ་ཐག་འདི་ནས་ཕབ་ལེན་ཆོག་པ་ཡིན།

དེབ་སྐྱེལ་འགེངས་ཤོག་དང་ལག་འཁྱེར་སོགས་ཀྱི་དོད་གཤམ་གསལ།

འགེངས་ཤོག་དོད།

  • རྒྱ་བལ་འབྲུག་གསུམ་ནང་གཏན་སྡོད་སྨན་པ་རྣམས་ཀྱི་དེབ་སྐྱེལ་འགེངས་ཤོག་དོད། ཧིན་སྒོར། ༡༥༠།༠༠
  • སྦྲག་གླ། ཧིན་སྒོར། ༥༠།༠༠
  • ཕྱི་རྒྱལ་ཡུལ་གྲུའི་ནང་གཏན་སྡོད་སྨན་པ་རྣམས་ཀྱི་དེབ་སྐྱེལ་འགེངས་ཤོག་དོད། ཨ་སྒོར། ༢༥།༠༠
  • སྦྲག་གླ། ཨ་སྒོར། ༥།༠༠

དེབ་སྐྱེལ་ལག་འཁྱེར་དོད།

  • རྒྱ་བལ་འབྲུག་གསུམ་ནང་གཏན་སྡོད་སྨན་པ་ཀྱི་དེབ་སྐྱེལ་འགེངས་ཤོག་དོད། ཧིན་སྒོར། ༥༥༠།༠༠
  • སྦྲག་གླ། ཧིན་སྒོར། ༥༠།༠༠
  • ཕྱི་རྒྱལ་ཡུལ་གྲུའི་ནང་གཏན་སྡོད་སྨན་པ་རྣམས་ཀྱི་དེབ་སྐྱེལ་ལག་འཁྱེར་དོད། ཨ་སྒོར། ༥༠།༠༠༼ཧིན་སྒོར། ༢༢༥༠།༠༠༽
  • སྦྲག་གླ། ཨ་སྒོར། ༥།༠༠

དེབ་སྐྱེལ་དོད་སོགས་འབུལ་ཡུལ་དངུལ་ཁང་ཁ་བྱང་གཤམ་གསལ།

  • Account name: Central Council of Tibetan Medicine
  • Account no.: 20590110016886
  • Swift code for bank-to-bank transfer: UCBAINBB001
  • IFSC Code – UCBA0002059
  • Address:UCO Bank,CTSDharamsala – 176215Distt. Kangra (H.P.) India

དེབ་སྐྱེལ་དང་འབྲེལ་བའི་དོགས་འདྲི་ཡོད་ཚེ་ལྷན་ཚོགས་ཀྱི་འབྲེལ་ཡུལ་ཁ་བྱང་དང་ཁ་པར་ཐོག་འབྲེལ་བ་གནང་རོགས།།