༡། བོད་ཀྱི་སྨན་རྩིས་མཐོ་སློབ་ཁང།

TMACདེ་ཡང་སྤྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམ་པོའི་སྲིད་གཞུང་གིས་བཙན་བཟུང་བྱས་རྗེས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། བོད་མི་མི་ཉུང་བ་ཞིག་བཙན་བྱོལ་དུ་ཕེབ་དགོས་བྱུང་བ་དང། གང་གིས་བཙན་བྱོལ་དུ་འབྱུང་འགྱུར་བོད་ཀྱི་བདེན་མཐའ་སེལ་ཐབས་དང་། རང་རེའི་ཐུན་མོང་མ་ཡིན་པའི་རྩ་ཆེའི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་རྒྱུ་གལ་ཆེར་གཟིགས་ཏེ། བོད་མི་འདུས་སྡོད་ཁུལ་གང་སར་སློབ་གྲྭ་དང་ཆོས་སྡེ་ཁག་གསར་འཛུགས་བསྐྱངས་པ་དང། དུས་མཚུངས་བཙན་བྱོལ་དུ་བོད་ཀྱི་གསོ་རྩིས་བསྟན་པ་སླར་གསོའི་ཆེད་དགོངས་བཞེད་ཀྱིས། སྤྱི་ལོ་༡༩༦༠ ལོར་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་སྨན་དགེར་བསྐོ་གཞགདང། དགེ་ཕྲུག་ཏུ་རྣམ་རྒྱལ་གྲ་ཚང་གི་གསུང་ཞབས་བྱམས་པ་བསོད་ནམས་སམ་ལྷ་དབང་དམ་པ་དང་། བཀྲ་ཤིས་རྒྱལ་མཚན་དམ་པ་གཉིས་ཆེད་འཛུགས་གནང་སྟེ། དེང་སྐབས་རྡ་ས་བོད་ཁྱིམ་བཟོ་གྲྭ་ཆགས་ཡུལ་ཀི་ཤོར་ནི་ཝ་སེ་ཡོད་པའི་ཤིང་ཁང་ཆུང་ངུ་ཞིག་ནང་སྨན་རྒྱུའི་མ་རྩ་སྐུ་སྒེར་ཡིག་ཚང་ནས་གསོལ་སྩལ་གྱིས། རྒྱུན་བཀོལ་སྨན་སྣ་གྲངས་འགའ་ཤས་སྡེབ་སྦྱོར་གྱིས་ནད་པར་སྨན་སྦྱིན་གནང་འགོ་ཚུགས་ཏེ། སྤྱི་ལོ་༡༩༦༡ ཟླ་༣ ཚེས་༢༣ ཉིན་རྡ་སྟེང་ཅོབ་ར་ཧཽསི་ཞེས་པར་རང་གཞུང་ཆོས་དོན་ལྷན་ཁང་གི་སྐུ་ཚབ་དབུ་བཞུགས་ཐོག་དབུ་འབྱེད་དང་སྦྲགས་སྨན་སྦྱིན་སློབ་ཁང་དངོས་སུ་གསར་འཛུགས་ཞུས་ཏེ་སྨན་སློབ་འཛིན་གྲྭ་ཐོག་མ་དེ་བསྡུ་བསྐོང་གནང། ལོ་རྒྱུས་རྒྱས་པ་འདིར་བསྣུན་ན་ཀློག་ཐུབ།

༢། གསོ་བ་རིག་པའི་སྡེ་ཚན། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང།

CUTSཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་འདི་ཉིད་ཕྱི་ལོ་ ༡༩༩༣ ལོར་བོད་ཀྱི་རིག་པའི་གནས་ཆེན་རྣམས་ཀྱི་ཡ་རྒྱལ་གསོ་བ་རིག་པའི་འཆད་ཉན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཀྱིས་གོང་དུ་སྤེལ་ཐབས་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པའི་གཞུང་དོན་ལ་དོན་གཉེར་ཡོད་མཁན་ན་གཞོན་རྣམས་དང་ཉམས་ཞིབ་པ་རྣམས་ལ་གོ་སྐབས་བསྐྲུན་སླད་ཆེད་བཙུགས་བསྐྱངས་པ་ཞིག་ཡིན། ད་ལྟའི་ཆར་སྡེ་ཚན་འདིར་ནང་གསེས་ཚན་པ་བདུན་ཙམ་ཡོད། དེ་ཡང་ཉམས་ཞིབ་དང་། སྨན་སྦྱོར་། སྡེ་ཚན་དཔེ་མཛོད། ནད་བཅོས་སྨན་ཁང། བརྟག་ཞིབ་ཁང། སྨན་གྱི་སྐྱེད་ཚལ། སྔོ་སྨན་འདེབས་སྲུང་ལས་གཞི་བཅས་ཡོད། ལོ་རྒྱུས་རྒྱས་པ་འདིར་བསྣུན་ན་ཀློག་ཐུབ།

༣། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང།

CTMIརྡོར་གླིང་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་ནི་ཕྱི་ལོ་༡༦༩༦ ལོར་༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གི་དགོངས་གཞི་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱག་འདེབས་མཛད་པ་དེ་ཉིད་ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་རྩ་སྟོར་བཏང་བའི་དྲན་རྟེན་དུ་༡༩༩༢ ལོར་༸སྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེ་མཆོག་གསིས་རྡོར་གླིང་དུ་དབུ་འབྱེད་གནང་བ་ཞིག་ཡིན། དེའི་དམིགས་ཡུལ་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་གཞུང་འདི་ཉིད་མི་ཉམས་རྒྱུན་འཛིན་དང་བོད་སྨན་གྱིས་འགྲོ་བ་སེམས་ཅན་དོན་དུ་ནད་བཅོས་ཞུ་ཐབས་གཙོ་བོ་ཡིན། ལོ་རྒྱུས་རྒྱས་པ་འདིར་བསྣུན་ན་ཀློག་ཐུབ།

༤། གསོ་བ་རིག་པའི་སྡེ་ཚན། ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང།

CIBS

ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་ནི་ཐོག་མར་ཕྱི་ལོ་༡༩༧༣ ལོར་ལ་དྭགས་ལྕོག་ལམ་སར་དུ་གསར་འཛུགས་གནང་བ་ཞིག། དེ་ཡང་ཕྱི་ལོ་༡༩༥༩ སྔོན་བོད་ཀྱི་ནང་དོན་རིག་པའི་བསླབ་པ་སློབ་གཉེར་ཆེད་བོད་དུ་ཆེད་བསྐྱོད་ཀྱིས་དེར་ནང་དོན་རིག་པ་གཙོས་བོད་ཀྱི་ཆོས་དང་རིག་གཞུང་ལ་བསླབ་པ་སློབ་གཉེར་གནང་ནས་ཕྱིས་ལ་དྭགས་སུ་ལོག་ནས་ནང་ཆོས་ལག་ལེན་གནང་གི་ཡོད། ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་བསྒྱུར་ཆེན་པོ་བྱུང་ནས་བོད་ལ་བསླབ་པ་སློབ་གཉེར་ཆེད་ཕེབས་ཀྱི་རྒྱུན་ཆད། ལོ་རྒྱུས་རྒྱས་པ་འདིར་བསྣུན་ན་ཀློག་ཐུབ།

 

༥། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་།

MCSBMགསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་འདི་བཞིན་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སོ་ལན་ཁུལ་དུ་ཕྱི་ལོ་༢༠༡༤ ཟླ་༥ ཚེས་༡༣ ཉིན་དངོས་སུ་སྒོ་འཛུགས་གནང་ཞིང་ད་ལྟའི་འཆར་སློབ་འཁྲིད་སྨན་དགེ་གཉིས་དང་རིག་དགེ་གཅིག སློབ་མ་གྲངས་བུ་བརྒྱད་དང་བོུ་གྲངས་བདུན་བཅས་སྨན་སློབ་གྲངས་༡༥ སློབ་གཉེར་གནང་བཞིན་ཡོད་འདུག སློབ་ཁང་འདི་བཞིན་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་མིང་ཐོག་ཁྲིམས་མཐུན་ཚོགས་པ་དེབ་སྐྱེལ་ཡོད་པ་དང་འཛིན་སྐྱོང་ཆེད་འགན་འཛིན་ལྷན་ཚོགས་ཟུར་དུ་ཡོད་པས་བཏང་འཛིན་གནང་བཞིན་ཡོད་འདུག་པ་བཅས་རྒྱབ་ལྗོངས་མདོར་བསྡུས་སུ།།