Central Council of Tibetan Medicine

ལྷན་ཚོགས་ཚོགས་ཐེངས་༢༤ པ་མཇུག་སྒྲིལ།

Facebooktwittergoogle_plusredditpinterestlinkedinmail

 

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་༢༤ པ་དེ་བཞིན་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༢༨།༢༩།༣༠ ཉིན་གསུམ་རིང་ལྷན་ཚོགས་ཡིག་ཚང་དུ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་གཙོ་བོ་ཉེ་བའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༡༠ པའི་གསོ་བ་རིག་དང་ལྷན་ཚོགས་འདིའི་ཐོག་གྲོས་བསྡུར་གནང་བའི་གྲོས་ཆོད་དང་ཁྲིམས་ཡིག་བསྐྱར་བཅོས་སོང་བ་བཅས་ལ་མཇུག་སྐྱོང་ལག་བསྟར་དགོས་ཐད་གྲོས་ཆོད་དང། གཞན་ཡང་འཆར་ལོ་༢༠༡༦ ལོའི་ནང་ལྷན་ཚོགས་ཀྱི་གལ་ཆེའི་ལས་དོན་ལས་འཆར་དང་དེ་བཞིན་ལྷན་ཚོགས་ཀྱི་རྩིས་ཞིབ་སྙན་ཐོའི་ལན་འདེབས་གསལ་བཤད་དགོས་རིགས་དང། ལྷན་ཚོགས་ཀྱི་ས་གནས་འབྲེལ་པ་གསར་བསྐོས། ལས་བྱེད་རྩིས་པ་ཞིག་གསར་བསྐོ་དང་འབྲེལ་བ། ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་འཆར་ལོའི་ཟླ་༤ པ་ནས་ཚོགས་དངུལ་སྤར་ཆ་བཅས་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་ཆོད་བྱུང་ཡོད་པ་ཡིན།།

 

BM-24