རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ།

Facebooktwittergoogle_plusredditpinterestlinkedinmail

༡། ཚོགས་ཆེན་ངོ་སྤྲོད།

མཐོ་ཞིང་བརྗིད་ཆགས་ལ་ཡིད་དུ་འོང་བའི་གངས་རིའི་མུ་འཁྱུད་ཀྱིས་ཕྲེང་བས་ཚར་དུ་དངར་བའི་བསིལ་ལྡན་ཁ་བ་རིག་པའི་ཡུལ་ལྗོངས་ནི་འཛམ་གླིང་གི་ཡང་རྩེར་གནས་ཤིང་མཛེས་སྡུག་མངོན་པར་བཀྲ་བའི་བཀོད་པ་ཕུན་སུམ་ཚོགས་པ་ཙམ་མ་ཟད་རང་བྱུང་ཁམས་ཀྱི་ཁོར་ཡུག་ནང་རིན་ཆེན་གཏེར་སྨན་དང་སྐྱེ་དངོས་རྩི་ཤིང་སོགས་ཀྱིས་རབ་ཏུ་ཕྱུག་ཅིང་ཁྱད་དུ་འཕགས་པའི་སྨན་ལྗོངས་ལྟ་ན་སྡུག་པའི་ཞིང་ཁམས་གཉིས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེང་རབས་མནའ་རྫས་ཞིབ་འཇུག་མཁན་གྱིས་དཔྱད་དོན་ལྟར་ན་བོད་དང་བོད་མི་རིགས་ནི་ཉུང་མཐར་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་པའི་བདེན་དཔང་བྱེད་བཞིན་ཡོད་པ་དང་།ཡང་རང་བྱུང་བྲག་ཕུག་གི་ནང་དུ་རྙེད་སོན་བྱུང་བའི་གདོད་མའི་བོད་མིའི་རུས་སྒྲོམ་ལ་དཔྱད་ཞིབ་བྱས་པ་ལྟར་ན་ལོ་ངོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ཀྱི་བྱུང་བ་གསལ་བཤད་བྱེད་བཞིན་ཡོད། གང་ལྟར་ཡང་སྐབས་འདིར་བོད་ཀྱི་གསོ་བ་རིག་པར་མཚོན་ན་མ་མཐར་ཡང་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་པ་དང་། ལྷག་པར་དུ་རྣམ་དཔྱོད་ཀྱིས་རྩལ་རབ་ཏུ་ཕྱུག་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྤྱི་དང་སྒོས་སུ་ཆོས་རྒྱལ་ཆེན་པོ་ཚངས་པ་ལྷའི་མེ་ཏོག་དཔལ་གྱིས་གནའ་བོའི་བོད་ཀྱི་ཁྱིམ་མཚེས་རྒྱ་དཀར་ནག་སོགས་ཡུལ་གྲུ་ཁག་ནས་ལེགས་ཆའི་སྙིང་པོ་རྣམས་གཅིག་ཏུ་སྡུད་ཕྱིར་ཕྱོགས་ཀྱི་སྨན་པ་མཁས་པ་དགུ་གདན་དྲངས་ཏེ་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་པུར་རྒྱལ་བོད་ཀྱི་བཙན་པོའི་རླབས་ཆེན་ཐུགས་དགོངས་ལྟར་དུས་རབས་བརྒྱད་པའི་ནང་དུ་ཚོགས་ཐུབ་པ་བྱུང་ཡོད། སྟོན་པ་གཤེན་རབ་མི་བོ་ཆེའི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་དཔྱད་བསྟན་པ་མ་བསྐྱངས་པའི་སྔ་རོལ་ནས་གདོད་མའི་བོད་རིགས་མི་དམངས་ཀྱིས་འཚོ་གནས་ཁྲོད་དུ་རང་བྱུང་ཁམས་ཀྱི་ནད་རིགས་སྣ་ཚོགས་ལ་ཡུན་རིང་འཐབ་རྩོད་བྱས་པའི་མྱོང་གོམས་ཀྱི་ལག་ལེན་རིགས་དང་། གཡུང་དྲུང་བོན་གྱིས་བོད་ལུགས་གསོ་རིག་ཐོག་རྒྱལ་ཆེའི་གནས་བབ་བཟུང་བ་ནས་བརྩིས་པའི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་བར་དང་། དེ་ནས་མར་བརྩིས་པའི་ཆོས་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་དུས་མཉམ་པའི་བོད་སྨན་མཁས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་དུས་སྐབས་དང་། དེ་ནས་རིམ་བཞིན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་དང་། དེ་ལས་ཉེ་བར་བརྒྱུད་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་དང་ཟུར་མཁར་མཉམ་ཉིད་རྡོ་རྗེ། ༸གོང་ས་ལྔ་པ་ཆེན་པོའི་སྐབས་མི་དབང་པཎ་ཌི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སློབ་དཔོན་མཁྱེན་རབ་ནོར་བུ། སྤྱི་ལོ་༡༩༥༩ ལོར་རྒྱ་དམག་གིས་བོད་དྲག་པོས་བཙན་འཛུལ་བྱས་རྐྱེན་ལས་སྤྱི་ལོ་༡༩༦༡ ལོར་འཕགས་ཡུལ་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལྰར་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས་སླར་ཡང་བོད་ཀྱི་སྨན་རྩིས་ཁང་གསར་བསྐྲུན་མཛད་དེ་སྐྱབས་བཅོལ་དུ་མི་ལོ་ཧྲིལ་པོ་༥༨ འདས་ཟིན་ པའི་བར་བཅས་གོང་གསལ་དུས་བབ་ཀྱི་དུམ་མཚམས་དང་སྤྱི་ཚོགས་ཀྱི་གནས་སྟངས་མི་འདྲ་བའི་ཆ་རྐྱེན་འོག་རང་བྱུང་ཁམས་ཀྱི་ནད་རིགས་སྣ་ཚོགས་ལ་ཡུན་རིང་འཐབ་རྩོད་བྱས་ཏེ་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་གཏན་ལ་ཕབ་སྟེ་ཟུང་དུ་སྤྲེལ་བ་ནས་བཟུང་སྟེ་བོད་དང་། རི་བོ་ཧི་མ་ལའི་རི་བརྒྱུད། བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་ཁག་ཏུ་དུས་རབས་དང་བསྟུན་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དགོས་མཁོར་འཚམས་པའི་མཛད་རྗེས་དང་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།༸ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་ལྷག་པར་གཞལ་བར་དཀའ་བའི་ཐུགས་རྗེའི་བཀའ་དྲིན་གྱི་གྲིབ་བསིལ་འོག་བཞུགས་སྒར་རྡ་རམ་ས་ལཱར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ཡིག་དགོངས་དོན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་ཐོག་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དང་། ཝཱ་ཎ་བོད་ཀྱི་གཙུག་ལག་ཁང་གི་གསོ་རིག་སྡེ་ཚན་བཅས་མཉམ་འབྲེལ་གྱི་གོ་སྒྲིག་ད་ལན་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་འདི་གོ་སྒྲིག་ཞུ་བཞིན་ཡོད། བོད་ཀྱི་གསོ་བ་རིག་པ་འདི་དེང་འཛམ་གླིང་ནང་དར་ཁྱབ་ཆེ་ཆེར་འགྲོ་བའི་དུས་འདིར་གསོ་བ་རིག་པའི་བྱུང་བ་ལོ་རྒྱུས་ཐོག་བཅོས་མེད་ལྷད་མེད་ཀྱིས་འགྲེལ་བརྗོད་དར་སྤེལ་དང། དེ་བཞིན་གསོ་རིག་གཞུང་གི་བལྟ་གྲུབ་དང་བརྟག་ཐབས་རིག་པ། སྨན་རྫས་དང་སྨན་དཔྱད་སོགས་ཀྱི་ལག་ལེན་རྣམས་གཞུང་བཞིན་ཚད་ལྡན་དར་སྤེལ་ཡོང་རྒྱུ། ལྷག་པར་སྲོལ་རྒྱུན་རིག་པའི་སྨན་ལུགས་འདི་དེང་དུས་དང་མཐུན་པའི་ཉམས་ཞིབ་གནང་རྒྱུར་བཅས་ལ་དམིགས་ནས་ད་ལན་རྒྱལ་སྤྱིའི་ཚོགས་ཆེན་ཐེགས་གསུམ་པ་འདི་བསྐོང་ཚོགས་གནང་རྒྱུ་དང། ཚོགས་ཆེན་འདིའི་ཐོག་ལུགས་ཆེན་གསུམ་གྱི་སྨན་ལུགས་སྨནཔ་ཆེད་མཁས་དང་ཉམས་ཞིབ་པ། དེ་བཞིན་ནང་ཆོས་དང་སྐར་རྩིས་རིག་པའི་མཁས་དབང་། གཞན་ཡང་སྐད་ཡིག་དང་རིག་གཞུང་གཅིག་པའི་རྒྱལ་ཁབ་འབྲུག་དང། བལ་ཡུལ། རུ་སོག་ཁུལ་བཅས་ནས་སྨན་པ་གདན་ཞུ་གནང་འཆར་ཡོད་པ་ཡིན།

ཚོགས་ཆེན་གྱི་ངོ་སྤྲོད་ལྡེབ་ཤོག་ཆེད་འདིར་བསྣུན།

༢། ལས་རིམ།

ཉིན་དང་པོ། ༢༠༡༧།༢།༢༥ སྣེ་ལེན་དེབ་སྐྱེལ་དང་དབུ་འབྱེད་མཛད་སྒོ།
ཉིན་གཉིས་པ། ༢༠༡༧།༢།༢༦ ཚོགས་འདུ་དངོས་གཞི།
ཐུན་མོང་ཚོགས་ཐེངས། ༢
ཆ་བགོས་ཚོགས་ཐུན། ༡༢
དཔྱད་རྩོམ་སྒྲོག་སྦྱང། ༣
ཉིན་གསུམ་པ། ༢༠༡༧།༢།༢༧
ཐུན་མོང་ཚོགས་ཐེངས། ༢
ཆ་བགོས་ཚོགས་ཐུན། ༡༢
དཔྱད་རྩོམ་སྒྲོག་སྦྱང། ༣
ཉིན་བཞི་པ། ༢༠༡༧།༢།༢༨
ཐུན་མོང་ཚོགས་ཐེངས། ༡
ཆ་བགོས་ཚོགས་ཐུན། ༦
དཔྱད་རྩོམ་སྒྲོག་སྦྱང། ༦
ཉིན་ལྔ་པ། ༢༠༡༧།༣།༡
ལག་ལེན་ཟབ་སྦྱོང། ཚོགས་ཐུན། ༦

ལས་རིམ་རགས་ཟིན་འདིར་བསྣུན་ན་གཟིགས་ཀློག་ཐུབ།

༣། ཐོ་འགོད་དེབ་སྐྱེལ།

ཚོགས་ཆེན་འདིར་ཚོགས་བཅར་ཆེད་ངེས་པར་ཐོ་འགོད་དེབ་སྐྱེལ་གནང་དགོས་པ་ཡིན། ཐོ་འགོད་དེབ་སྐྱེལ་ གྱི་དོད་གཤམ་དུ་གསལ་ཡོད་པ་དང་དོད་གཏན་འབེབས་འདིའི་ནང་ཚོགས་ཆེན་གྱི་དེབ་ཆས། སྣེ་ལེན་གསོལ་ཇ། ཚོགས་ཡུན་རིང་གི་ཉིན་དགུང་གསོལ་ཚིགས་དང་གསོལ་ཇ་ཞལ་རྡོག ཉིན་ཐ་མའི་དགོང་མོའི་གསོལ་ཚིགས་རྒྱས་པ་དང་ཚོགས་བཅར་ལག་འཁྱེར་བཅས་ཚུད་ཡོད་པ་ཡིན། དེབ་སྐྱེལ་དོད་གནང་ཟིན་པ་རྣམས་ཕར་སློག་ཞུ་རྒྱུ་མེད། དེབ་སྐྱེལ་ཁོངས་སྨན་སློབ་ཅེས་གསལ་བ་དེ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་གི་སྨན་སློབ་ལ་གོ་བ་ཡིན།

ཚོགས་འདུའི་དེབ་སྐྱེལ་འགེངས་ཤོག་ཆེད་འདིར་བསྣུན།

དེབ་སྐྱེལ་དོད། 

ཁུངས།

དུས་བཀག ༢༠༡༧།༡༢།༣༡

 དུས་བཀག ༢༠༡༨།༢།༡༥

 ཚོགས་ཐོག་དེབ་སྐྱེལ།

ལྷན་ཚོགས་འོག་དེབ་སྐྱེལ་སྨན་པ།་་་་ ཧིན་སྒོར། ༡༥༠༠།༠༠ ཧིན་སྒོར། ༡༧༠༠།༠༠ ཧིན་སྒོར། ༢༠༠༠།༠༠
ལྷན་ཚོགས་འོག་དེབ་སྐྱེལ་མེད་པ།་་་་་ ཧིན་སྒོར། ༣༥༠༠།༠༠ ཧིན་སྒོར། ༣༧༠༠།༠༠ ཧིན་སྒོར། ༤༠༠༠།༠༠
བོད་སྨན་མཐུན་གྲོགས་ཚོགས་མི།་་་་་ ཨ་སྒོར། ༢༠༠།༠༠ ཧིན་སྒོར། ༢༥༠༠།༠༠ ཨ་སྒོར། ༢༢༠།༠༠ཧིན་སྒོར། ༢༧༠༠།༠༠  ཨ་སྒོར། ༢༥༠།༠༠ཧིན་སྒོར། ༣༠༠༠།༠༠
ཕྱི་རྒྱལ་བ།་་་་་  ཨ་སྒོར། ༣༠༠།༠༠ ཨ་སྒོར། ༣༢༠།༠༠ ཨ་སྒོར། ༣༥༠།༠༠
དཔྱད་རྩོམ་སྒྲོག་སྤེལ་དོད།་་་་་  

ཨ་སྒོར། ༧༥།༠༠ (ཕྱི་རྒྱལ་བ།) ཧིན་སྒོར། ༧༥༠།༠༠ (རྒྱལ་བལ་འབྲུག)

དཔྱད་རྩོམ་སྒྲོག་སྤེལ་གྱི་དོད་དེ་འདེམས་སྒྲུག་ཚོགས་ཆུང་ནས་དཔྱད་ རྩོམ་འདེམས་སྒྲུག་ཟིན་པའི་རྗེས་དོད་འབུལ་རྒྱུ།

༤། དཔྱད་རྩོམ་སྒྲོག་སྤེལ།

གསོ་བ་རིག་པའི་བརྗོད་གཞི་གང་ཅིའི་ཐོག་དཔྱད་རྩོམ་སྒྲོག་སྤེལ་གནང་འདོད་མཆིས་ཚེ་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ཤོག་བུ་གཅིགདང་དཔྱད་རྩོམ་ཆ་ཚང་ཤོག་བུ་ལྔ་ནས་བཅུའི་བར་དགོས་པ་དེ་གོ་སྒྲིག་ཚོགས་ཆུང་གི་རྩོམ་སྒྲིག་པའི་གློག་འཕྲིན་ཁ་བྱང་འདིའི་ཐོག <editor2018ictm@gmail.com> ཐོག་ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༣༠ ནང་ཚུད་གཏོང་གནང་དགོས། བརྗོད་གཞི་དང་འབྲེལ་བ་མེད་པ་དང་ཡང་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུར་སྤེལ་འོས་ཀྱི་ཚད་གཞི་མ་ལོན་པ་དང་ཡང་དཔྱད་རྩོམ་བརྗོད་གཞི་གང་ཞིག་དེ་སྔའི་ཚོགས་ཆེན་གཞན་ལ་སྤེལ་ཟིན་པ་རྣམས་དང་ལེན་ཞུ་རྒྱུ་མིན། དཔྱད་རྩོམ་སྒྲོག་སྤེལ་དང་དེའི་ཐོག་དྲི་བ་དྲི་ལན་བཅས་དཔྱད་རྩོམ་རེར་དུས་ཡུན་སྐར་མ་༣༠ དང་དཔྱད་རྩོམ་སྒྲོག་སྤེལ་གྱི་བརྒྱུད་ལམ་སྐད་ཡིག་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཐོག་ཡིན་དགོས། ཚོགས་ཆེན་གྱི་རྩོམ་སྒྲིག་ཚོགས་ཆུང་ཐོག་འབྱོར་བའི་དཔྱད་རྩོམ་རྣམས་ལ་བསྐྱར་ཞིབ་བྱས་རྗེས་དཔྱད་རྩོམ་གྲངས་༡༢ དྲག་འདེམ་ཀྱིས་ཚོགས་ཐོག་ཏུ་སྒྲོག་སྤེལ་གོ་སྐབས་དང་ཚོགས་ཆེན་གྱི་དེབ་ཐོག་དཔར་བསྐྲུན་ཞུ་རྒྱུ་ཡིན། ཚོགས་ཆུང་ནས་བསྐྱར་ཞིབ་འདེམས་སྒྲུག་རྗེས་དོ་བདག་སོ་སོར་གློག་འཕྲིན་བརྒྱུད་གནས་འབྲེལ་ཞུ་རྒྱུ་ཡིན། དཔྱད་རྩོམ་འདེམས་སྒྲུག་བྱུང་བ་རྣམས་ཀྱི་སོ་སོའི་ངོ་སྤྲོད་མདོར་བསྡུས་ཤིག་ཚོགས་ཆེན་གྱི་རྩོམ་སྒྲིག་ཚོགས་ཆུང་གི་གློག་འཕྲིན་ཐོག་བསྐུར་དགོས་པ་ཡིན།

༥། འགྲེམས་སྟོན།

གསོ་བ་རིག་པའི་ཐོག་དཔེ་དེབ་དང་ཆ་དཔྱད་རིགས། དེ་བཞིན་བཅོས་ཐབས་ལག་ལེན་གསར་པའི་རིགས་སོགས་འགྲེམ་སྟོན་གནང་འདོད་མཆིས་ཚེ་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གི་མཚན་ཐོག་ཐོ་འགོད་དེབ་སྐྱེལ་གནང་དགོས། འགྲེམས་སྟོན་འདིའི་དམིགས་ཡུལ་ནི་གསོ་བ་རིག་པའི་ཚོགས་ཆེན་གྱི་རྣམ་པ་གསར་གཏོད་ཅིག་དང་གཞན་ཡང་གསོ་རིག་དང་འབྲེལ་བའི་དཔེ་དེབ་དང་དངོས་ཆས། དེ་བཞིན་བཅོས་ཐབས་ལག་ལེན་སྟབས་བདེ་གསར་པའི་རིགས་སྨན་པ་རྣམས་ལ་ངོ་སྤྲོད་དང་ལེགས་ཆ་སྤེལ་རེས་བྱ་རྒྱུ་བཅས་ལ་དམིགས། འགྲེམས་སྟོན་གནང་ཡུལ་ས་རྒྱ་ཆེན་པོ་མེད་པས་དེབ་སྐྱེལ་ཐོ་འགོད་སྔ་རིམ་བཞིན་ལ་གོ་སྐབས་འབུལ་རྒྱུ་ཡིན། ཐོ་འགོད་དེབ་སྐྱེལ་ཀྱི་དོད་དེ་ཧིན་སྒོར་༥༠༠༠།༠༠ དང་དེབ་སྐྱེལ་དུས་བཀག་དེ་ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༣༡ བར་ཡིན། ཐོ་འགོད་དེབ་སྐྱེལ་གྱི་འགེངས་ཤོག་འདི་ངེས་པར་བཀང་དགོས་པ་ཡིན།

འགྲེམས་སྟོན་ཆེད་ཐོ་འགོད་དེབ་སྐྱེལ་འགེངས་ཤོག་འདིར་བསྣུན་ན་གཟིགས་ཀློག་ཐུབ།

༦། ཚོགས་ཆེན་གྱི་སྦྱིན་བདག་གོ་སྐབས།

ཚོགས་ཆེན་འདིར་དཔལ་འབྱོར་གྱི་མཐུན་འགྱུར་རམ་སྦྱིན་བདག་གནང་འདོད་ཡོད་ཚེ་འབུལ་ཡོན་ཚད་གཞི་ཧིན་སྒོར་ཁྲི་ལྔ་(༥༠༠༠༠།༠༠) ལས་མང་བ་འབུལ་མཁན་རྣམས་ལ་ཚོགས་ཆེན་གྱི་སྦྱིན་བདག་ཞེས་འབོད་ནས་གོ་སྒྲིག་ཚོགས་ཆུང་ནས་ཡོན་གྱི་བདག་པོ་ཚོགས་སྒེར་སུ་ཡིན་རུང་དེའི་མཚན་དང་ཚོང་རྟགས། ལས་རྟགས་གང་རུང་ཚོགས་ཆེན་གྱི་དེབ་དང་དྲ་རྒྱ། ཚོགས་འདུའི་གྱང་སྦྱར་དང་བརྙན་ཐུང་བཅས་ནང་དཔར་འགྲེམས་ཞུ་རྒྱུ་དང་ཚོགས་ཆེན་མཇུག་སྡོམ་གྱི་དགོངས་ཚིག་ལ་ཕེབས་བསུའི་མགྲོན་ཤོག་དང་ལེགས་གསོལ་ཕྱག་འཁྱེར་བཅས་འབུལ་རྒྱུ་ཡིན།

༧། གལ་ཆེའི་ཚེས་གྲངས།

རྩོམ་བསྡུའི་དུས་བཀག ༢༠༡༧།༡༡།༣༠
ཚོགས་བཅར་ཐོ་འགོད་སྔ་མ། ༢༠༡༧།༡༢།༣༡
འགྲེམ་སྟོན་ཐོ་འགོད་དུས་བཀག ༢༠༡༧།༡༢།༣༡
སྣེ་ལེན་དང་དབུ་འབྱེད། ༢༠༡༨།༢།༢༥
ཚོགས་འདུ་དངོས་གཞི། ༢༠༡༨།༢།༢༦ ནས་༢༨ བར།
ལག་ལེན་ཟབ་སྦྱོང། ༢༠༡༨།༣།༡
དྲ་ཐོག་ནས་ལས་རིམ་ཆ་ཚང་རྒྱང་བསྲིངས། ༢༠༡༨།༢།༡༥

༨། མགྲོན་ཤོག་དང་ཕྱི་འགྲིམ་ཐོངས་མཆན།

འབྲུག་པ་དང་བལ་པོ་ཕུད་ཕྱི་རྒྱལ་མི་སེར་ཚོགས་འདུར་བཅར་འདོད་ཡོད་པ་རྣམས་ནས་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་རྒྱ་གརགཞུང་ཚབ་ནས་ཐོང་མཆན་(ཝི་ས་)ངེས་པར་ཞུ་དགོས་པ་ཡིན། ཐོངས་མཆན་ཐོབ་རྒྱུའི་རྒྱབ་གཉེར་དུ་ཚོགས་འདུའི་མགྲོན་ཤོག་དགོས་ཚེ་ཚོགས་འདུའི་གོ་སྒྲིག་ཚོགས་ཆུང་གི་གློག་འཕྲིན་ཁ་བྱང་འདིའི་ཐོག་འབྲེལ་བ་གནང་རོགས།<2018ictm@gmail.com>

༩། ཚོགས་ཡུལ་ས་ཆའི་ངོ་སྤྲོད།

ཚོགས་ཆེན་འདི་རྒྱ་གར་ཡུལ་དབུས་ཝཱ་རཱ་ཎ་སིའི་སཱ་ར་ནཱ་ཐ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚོག་རྒྱུ་ཡིན་པས་སཱ་རཱ་ནཱ་ཐ་ནི་ནང་པའི་གནས་ཆེན་བཞི་ནང་ནས་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལ ོ་དང་པོ་སྐོར་སའི་གནས་ཁྱད་པར་ཅན་དེ་ཡིན། འདི་ནི་ཝཱ་རཱ་ཎ་སིའི་གྲོང་འཁྱེར་ནས་བྱང་ཤར་ཕྱོགས་ནས་ཀི་ལོ་མི་ཊར་བཅུ་ཙམ་གྱི་ཐག་རིང་ས་ན་ཆགས་ཡོད། སཱ་རཱ་ནཱ་ཐ་ནི་ནང་པ་ཙམ་མ་ཡིན་པར་གྲངས་ཅ ན་པ་རྣམས་ཀྱི་གནས་ཁྱད་པར་ཅན་ཞིག་ཀྱང་ཆགས་ཀྱི་ཡོད། འདིར་གནམ་ཐོག་དང་མེ་འཁོར་རླང་འཁོར་ག ང་རུང་བརྒྱུད་ནས་འགྲིམ་འགྲུལ་གནང་ཐུབ་ཀྱི་ཡོད།

༡༠། གོ་སྒྲིག་ཚོགས་མི།

ཚོགས་གཙོ། གསོ་དཔྱད་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན། ཝཱ་ཎ་མཐོ་སློབ་ཀྱི་སྐུ་ཚབ།
ཚོགས་གཞོན། སྨན་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར། གསོ་རིག་ལྷན་ཚོགས་ཀྱི་སྐུ་ཚབ།
དྲུང་ཆེ། སྨན་པ་ཚེ་རིང་མཚམས་གཅོད། གསོ་རིག་ལྷན་ཚོགས་ཀྱི་སྐུ་ཚབ།
ཚོགས་མི། སྨན་རམས་པ་ཟླ་བ་ཚེ་རིང། ཝཱ་ཎ་མཐོ་སློབ་ཀྱི་སྐུ་ཚབ།
ཚོགས་མི། སྨན་པ་རབ་དགའ། ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་གི་སྐུ་ཚབ།
འབྲེལ་ཡུལ་ཁ་བྱང།
Organizing Secretary
International Conference on Tibetan Medicine (ICTM)
C/O Central Council of Tibetan Medicine
Gangchen Kyishong, Dharamsala-176215
Distt. Kangra, (H.P.) INDIA
Telephone: + 91-1892-223483 Tele Fax: + 91-1892-226462
For any enquiries, email to: 2018ictm@gmail.com
འབྲེལ་ཡོད་དྲ་རྒྱ།

www.tibmedcouncil.org
www.chagpori.org
www.cuts.ac.in