dr-nsoepa

 

 

 

 

 

 

 

 

 

 

 

བརྩེ་བའི་ཚོགས་མི་ཡོངས་ལ།

ཐོག་མར་ཕྲན་ཉིད་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བའིི་གོ་སྐབས་འདི་བཟུང་ནས་ངས་གསོ་བ་རིག་པ་ལག་ལེན་གནང་མཁན་དང་བོད་སྨན་མཐུན་གྲོགས་ཀྱི་ཚོགས་མི་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གལ་ཆེ་ཞིག་སྟེ་འདི་ནི་འགྲོ་བ་མིའི་ཚེ་སྲོག་དང་ཐད་ཀར་འབྲེལ་བའི་རིག་གནས་ཞིག་ཡིན། ང་ཚོའི་དམིགས་ཡུལ་བཞིན་གསོ་བ་རིག་པའི་སྨན་པ་རྣམས་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུ་དང་ལྷག་པར་ལྷན་ཚོགས་ཀྱི་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར། སྨན་གྱི་སློབ་གཉེར་ཁང་དང་དེ་ནས་སློབ་ཐོན་སྨན་པ་ཚད་དང་ལྡན་ཡོང་རྒྱུ་ཡིན་པས་ངས་དམིགས་ཡུལ་དེ་ལྟར་བསྒྲུབ་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད།

ངས་སྐབས་གོང་མིའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ལ་གསོ་བ་རིག་པའི་བསྟན་དོན་སྤྱི་དང་ལྷག་པར་ལྷན་ཚོགས་སུ་ཁྲིམས་སྒྲིག་གིས་བསྐུར་བའི་ལས་འགན་རྣམས་ཚགས་ཚུདགནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྲན་ཉིད་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཡོད་པའི་ཆ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་པའི་ཆེད་དུ་ལས་འཁུར་ཧུར་ཐག་ཞུ་རྒྱུ་ཡིན། ང་ཚོ་རྒྱུན་ལས་ཚོགས་མི་ངོས་ནས་གསོ་བ་རིག་པའི་བསྟན་པ་སྤྱི་དང་ལྷན་ཚོགས་འདི་དོན་མཐུན་སྲ་བརྟན་གནས་ཐུབ་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་ལྷན་རྒྱས་དང་འབྲེལ་བ་མདུན་བསྐྱོད་མུ་མཐུད་ནས་གནང་རྒྱུ་ཡིན།

ངས་ད་ལན་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་དང་སློབ་གཉེར་སྡེ་ཚན། ཆེད་ལས་སྨན་པ་ཡོངས་ལ་ལྷན་ཚོགས་ཀྱི་དམིགས་ཡུལ་བཞིན་ལས་དོན་བསྒྲུབ་པར་ཚང་མས་མཉམ་རུབ་རྒྱབ་སྐྱོར་གནང་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན།

མཐའ་དོན་འགྲོ་བ་སེམས་ཅན་རྣམས་ནད་མེད་བདེ་སྐྱིད་དང་གསོ་བ་རིག་པའི་བསྟན་པ་འཛམ་གླིང་ཡོངས་ལ་དར་འཕེལ་ཡོང་བ་བརྒྱུད་སེམས་ཅན་ནད་པའི་ཞབས་འདེགས་བརླབ་པོ་ཆེ་བསྒྲུབ་པའི་སྨོན་ལམ་ཞུ་རྒྱུ་བཅས་སྨན་རམས་པ་ངག་དབང་བཟོད་པས་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡༥ ལ་ཕུལ།།

ཚོགས་གཙོའི་གསུང་འཕྲིན། ཕྱི་ལོ་༢༠༡༠

ཚོགས་གཙོའི་གསུང་འཕྲིན། ཕྱི་ལོ་༢༠༠༩