Central Council of Tibetan Medicine

གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད།

Facebooktwittergoogle_plusredditpinterestlinkedinmail

བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༢༦ ཪེས་གཟའ་ཟླ་བ་ནས་ཚེས་༣༡ རེས་གཟའ་སྤེན་པ་བར་ཉིན་གྲངས་དྲུག་གི་རིང་བཞུགས་སྒར་རྡ་རམ་སཱ་ལར་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་ཟབ་སྦྱོང་(CME) ཞིག་གོ་སྒྲིག་ཞུ་གཏན་འཁེལ་ཡོད། ཉིན་གྲངས་དྲུག་གི་ཟབ་འཁྲིད་འདིར་གཙོ་བོ་གསོ་བ་རིག་པའི་གཞུང་དང་ལག་ལེན། བརྟག་ཐབས་དང་ནད་བཅོས། སྲིད་བྱུས་དང་ཉམས་ཞིབ་བཅས་ཀྱི་བརྗོད་གཞིའི་ཐོག་ཁྱོན་ཚོགས་ཐེངས་ཉི་ཤུ་རྩ་བཞིའི་ནང་ཆེད་ལས་མཁས་དབང་བཅུ་གཉིས་ཀྱིས་གཏམ་བཤད་ཟབ་འཁྲིད་གནང་རྒྱུའི་འཆར་གཞི་ཡོད། ད་ལན་གྱི་ཟབ་འཁྲིད་འདི་བཞིན་རྒྱ་གར་དབུས་ཨཱ་ཡུ་ཤའི་བློན་ཆེན་ (Ministry of AYUSH) ལས་ཁུངས་ནས་གསོ་བ་རིག་པའི་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་རོགས་དངུལ་ཞུས་ཐོབ་བྱུང་བ་ཞིག་ཡིན། ཨཱ་ཡུ་ཤའི་རོགས་དངུལ་ཞུ་ལེན་གྱི་ལམ་སྟོན་ཡིག་ཆ་ནང་གསལ་ཟབ་འཁྲིད་འདིར་སྨན་པའི་གྲངས་ཚད་༣༠ ལས་མ་བརྒལ་བ་དང་དེ་ཡང་མངའ་སྡེ་གཅིག་ནས་ཚོགས་བཅར་སྨན་པ་གྲངས་ལྔ་ལས་གོ་སྐབས་མེད་པར་སོང་འབྲེལ་ཡོད་སྨན་པ་རྣམས་ནས་གོང་གསལ་ཟབ་སྦྱོང་ལ་བཞུགས་འདོད་མཆིས་ཚེ་ཕྱི་ལོ་༢༠༡༥ ཟླ་༨ ཚེས་༢༠ ནང་ཚུད་སྨན་པའི་ལྷན་ཚོགས་སུ་ཡིག་ཐོག་དེབ་སྐྱེལ་གནང་རོགས་ཞུ།

ཟབ་སྦྱོང་དུ་ཚོགས་བཅར་མཉམ་བཞུགས་གནང་མཁན་འཚོ་བྱེད་སྨན་པ་ཡོངས་ལ་ཞུ་རྒྱུར། ཟབ་སྦྱོང་འདི་བཞིན་རྒྱ་གར་དབུས་གཞུང་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ནས་འགྲོ་གྲོན་གསོལ་བརྩལ་གནང་བ་ཞིག་ཡིན་པས་ཟབ་སྦྱོང་ཆེད་ལམ་སྟོན་ཡིག་ཆ་ཁ་གསལ་ཡོད་པ་བཞིན་ཚོགས་བཅར་བ་རྣམས་ནས་གཤམ་གསལ་ལམ་སྟོན་ཁག་མཁྱེན་རྟོགས་ཡོང་བ་ཞུ།

༡།        ཕྱོགས་མཐའ་ནས་ཚོགས་བཅར་གནང་མཁན་རྣམས་ཀྱི་མེ་འཁོར་(Train) གྲང་གློག་ཅན་ཨང་གཉིས་པའི་(2 AC Rail Charge)རིན་བབ་ནང་ཚུད་ནང་ལས་དེ་ལས་བརྒལ་བར་འགྲིམས་འགྲུལ་གནང་ཚེ་ངོས་ལེན་མེད།  གལ་ཏེ་བལ་ཡུལ་ནས་ཚོགས་བཅར་གནང་མཁན་མཆིས་ཚེ་རྒྱ་གར་རྒྱལ་ནང་གི་མེ་འཁོར་ས་ཐོག་གང་ནས་ཡིན་པ་དེ་དང་འཚམས་པའི་འགྲིམས་འགྲུལ་དོད་འབུལ་རྒྱུ་ཡིན།

༢།        ཕྱོགས་མཐའི་ཚོགས་བཅར་ཚང་མ་ནས་ Train Ticket / Bus Ticket ངོ་མ་མཉམ་དུ་ངེས་པར་རྩིས་འབུལ་དགོས།

༣།        ཧི་མཱ་ཅལ་མངའ་སྡེའི་ནང་ཁུལ་ཚོགས་བཅར་གནང་མཁན་རྣམས་ལ་ཕར་ཚུར་འགྲིམས་འགྲུལ་ཆེད་ཧིན་སྒོར་༥༠༠།༠༠ ལས་མེད་པས་དེ་ལ་དཔོག་པས་འགྲིམས་འགྲུལ་གནང་དགོས་པ་ཡིན། གལ་ཏེ་དེ་ལས་མང་བར་འགྲོ་སོང་ཕྱིན་ན་དོ་བདག་ནས་གནང་དགོས་པ་ཡིན། གང་ལྟར་ཧིན་སྒོར་༥༠༠ ནང་ཚུད་གི་འགྲིམས་འགྲུལ་Bus Ticket ལྷན་ཚོགས་སུ་རྩིས་རྒྱག་ཆོག་པ་ཡིན།

༤།      Rajdhani / Shatabdi / Duranto ནང་ཕེབས་མཁན་རྣམས་ལ་ཟས་དོད་DA མེད། དེ་མིན་ལ་ཟས་དོད་ཉིན་རེར་ཧིན་སྒོར་༢༥༠ རེ་བཞེས་ཆོག

༥།        ཟབ་སྦྱོང་རིང་བཞུགས་སའི་མགྲོན་ཁང་དོ་བདག་ནས་ཐབས་འཚོལ་གནང་དགོས་ལ་དེའི་ཆེད་ཉིན་རེར་ཧིན་སྒོར་༡༨༠༠།༠༠ ནང་ཚུད་རིན་བབ་ནང་བཞུགས་ས་དང་སྔ་དགོང་ཞལ་ལག་ཆ་ཚང་འཐུས་ཡོད། བཞུགས་ཡུལ་མགྲོན་ཁང་གི་སྦིལ་འཛིན་ངོ་མ་རྩིས་འབུལ་ཞུ་དགོས། གོང་གསལ་རིན་བབ་༡༨༠༠།༠༠ ལས་བརྒལ་ན་འདི་ནས་སྤྲོད་ཐལ་མ་མཆིས་པས་ཚང་མས་དགོངས་འཇགས་གནང་རོགས་ཞུ། སྨན་ལྷན་ཡིག་ཚང་ནས་ཕྱི་ལོ་༢༠༡༥ ཟླ་༨ ཚེས་༢༤ ལ།།

གོང་གསལ་ཐོག་ད་དུང་དོགས་འདྲི་ཡོད་ན་ལྷན་ཚོགས་སུ་ངེས་པར་འབྲེལ་བ་གནང་རོགས། 01892-223483/226462 ཐུགས་རྗེ་ཆེ།