རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ།

Facebooktwittergoogle_plusredditpinterestlinkedinmail

གསལ་བསྒྲགས།

འདི་ནས་གསལ་བསྒྲགས་སྔོན་སོང་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་དེ་སྔའི་དུས་ཚེས་ནས་ཕྱིར་འགྱངས་ཀྱིས་ད་ཆ་ཚོགས་ཆེན་འདི་བཞིན་ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༥ ཉིན་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བསྐོང་ཚོགས་གནང་གཏན་འཁེལ་ཡོད། མཁྱེན་ཆུབ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ཕྱི་ལོ་༢༠༠༤ ལོར་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་བར་ལྷན་ཚོགས་སྐབས་བཞི་བྱུང་ཡོད་པ་དང་ཉེ་བའི་འཆར་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མིའི་འོས་བསྡུ་འཇུག་སྒྲིལ་ནས་གོང་གསལ་ཚོགས་ཆེན་ཐོག་ལྷན་ཚོགས་སྐབས་བཞི་པའི་ཚོགས་མིའི་ལས་བསྡོམས་སྙན་སྒྲོན་དང་སྐབས་གསར་པའི་ཚོགས་མི་རྣམས་ལ་འཚམས་འདྲི། དེ་རྗེས་ལྷན་ཚོགས་སྐབས་གསར་རྙིང་གི་ཚོགས་མི་རྣམ་པའི་རྩིས་སྤྲོད་རྩིས་ལེན་གནང་རྒྱུ་ལགས་ན་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་རང་དོན་རང་གཅེས་ཀྱིས་ངེས་པར་དུ་ཚོགས་འདུར་བཅར་གནང་ཡོང་བ་ཞུ། ཚོགས་ཆེན་སྐབས་ཉིན་དགུང་གསོལ་ཚིགས་ལྷན་ཚོགས་ནས་གྲ་སྒྲིག་ཡོད། དེ་མིན་ལམ་གྲོན་དང་བཞུགས་ཡུལ་སོགས་དོ་བདག་ནས་གྲ་སྒྲིག་གནང་དགོས་པ་བཅས་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༦ ཟླ་༨ ཚེས་༨ ལ།།

སྔ་དྲོའི་མཛད་སྒོའི་མཛད་རིམ།

ཕྱག་ཚོད།

༩།༣༠་་

༩།༣༥་་

༩།༤༠་་

༩།༥༥་་

༡༠།༠༠

༡༠།༠༥་་

༡༠།༡༠་་

༡༠།༡༥་་

༡༠།༢༠་་

༡༠།༣༥་་

༡༠།༤༠་་

༡༠།༤༥་་

༡༡།༠༠ ་་

༡༡།༡༥་་

 

སྔ་དྲོ།

སྐུ་མགྲོན་གཙོ་བོ་མཆོག་ནས་མར་མེ་ཞལ་དབྱེ་དང་སྦྲགས་མཛད་སྒོ་དབུ་འཛུགས།

གཡུ་ཐོག་གསོལ་འདེབས་དང་གསོལ་ཇ་འབྲས་སིལ་འདེགས་འབུལ།

ཚོགས་གཙོ་ནས་ཚོགས་ཆེན་གྱི་ངོ་སྤྲོད་དང་སྦྲགས་སྐབས་བཞི་པའི་ཚོགས་མིའི་ལས་བསྡོམས་སྙན་སྒྲོན།

བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་འབུལ་བཞེས་གནང་རྒྱུ།

༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དེབ་སྐྱེལ་ལག་འཁྱེར་བསྩལ་རྒྱུ།

སྨན་རི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་དེབ་སྐྱེལ་ལག་འཁྱེར་བསྩལ་རྒྱུ།

ལྷན་ཚོགས་ཀྱི་ས་གནས་འབྲེལ་མཐུད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལག་འཁྱེར་བསྩལ་རྒྱུ།

ནད་གཞི་སྔོན་འགོག་ཐོག་གཏམ་བཤད་བགྲོ་གླེང་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་འབུལ་རྒྱུ།

འོས་བསྡུ་ཚོགས་ཆུང་ནས་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མིའི་འོས་གསལ་བསྒྲགས།

སྐབས་ལྔ་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་མཇལ་དར་འབུལ་རྒྱུ།

སྐབས་བཞི་པའི་ཚོགས་མི་རྣམས་ལ་ལག་འཁྱེར་འབུལ་རྒྱུ།

དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ནམ་སྨན་པ་གཙོ་བོ་མཆོག་ནས་གསུང་བཤད་གནང་རྒྱུ།

དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་མཆོག་ནས་གསུང་བཤད་གནང་རྒྱུ།

སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསུང་བཤད་བཀའ་དྲིན་ཆེ་རྒྱུ།

ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་སྨན་རྩིས་བསྟན་རྒྱས་སྨོན་ལམ་འུར་འདོན་དང་བཅས་མཛད་སྒོ་གྲུབ་རྒྱུ།

༡༡།༤༥་་་་་་་་ མཛད་བཅར་ལྷན་འཛོམས་སྐུ་དཔར་སྒྲོན་རྒྱུ།
༡༢།༠༠ ་་་་་་་་་ ཉིན་དགུང་གསོལ་ཚིགས།
ཉིན་རྒྱབ།་་་་་་་་་སྐབས་གསར་རྙིང་ཚོགས་མི་རྣམ་པའི་རྩིས་སྤྲོད་རྩིས་ལེན།