གཡུ་ཐོག་གཟེངས་རྟགས་འདི་བཞིན་ཐོག་མར་བོད་རབ་བྱུང་བཅུ་བདུན་པའི་ས་གླང་ཕྱི་ལོ་༢༠༠༩ ལོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་༼བོད་ཀྱི་གསོ་བ་རིག་པའི་གཟེངས་ཐོན་མི་སྣར་འབུལ་རྒྱུའི་གཡུ་ཐོག་གཟེངས་ཀྱི་སྒྲིག་གཞི།༽ ཞེས་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་ཀྱིས་ལག་བསྟར་སྒོ་བཙུགས་གནང་བ་ཞིག་ཡིན། གཟེངས་རྟགས་འདི་ཉིད་འབུལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐོག་དམིགས་བསལ་ཧུར་བརྩོན་དང་ལྷག་བློ་ཆེ་བསྐྱེད་ཀྱིས་མཛད་རྗེས་རྩེ་ཕུད་ཐོན་མཁན་རྣམས་ངོས་འཛིན་དང་གཟེངས་བསྟོད་བྱ་རྒྱུའི་ཆེད་དུ་ཡིན། གཡུ་ཐོག་གཟེངས་རྟགས་ཀྱི་འོས་འདེམས་བྱེད་ཕྱོགས་ནི། སྒྲིག་གཞིའི་དགོངས་དོན་ལྟར་ཐོག་མར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཚོགས་མི་ལྔ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཟུར་འཛུགས་གནང་རྗེས་ཚོགས་ཆུང་དེས་འོས་ཆོས་ཚང་བའི་འོས་གཞི་གྲངས་གསུམ་ནས་ལྔ་བར་འདེམས་སྒྲུག་གནང་སྟེ་འོས་གཞི་དེ་དག་གི་རྒྱབ་གཉེར་སྙན་ཐོ་དང་བཅས་ལྷན་ཚོགས་སུ་འབུལ་དགོས་པ་དང།་འདེམས་སྒྲུག་ཚོགས་ཆུང་གིས་ཕུལ་བའི་འོས་གཞི་དང་རྒྱབ་གཉེར་སྙན་ཐོ་བཅས་ལ་སླར་ལྷན་ཚོགས་ཚོགས་མི་ནས་སྤྱི་མོས་སམ་མང་མོས་ཀྱིས་འོས་འདེམས་གནང་བཞིན་ཡོད།

31

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་འདི་ཉིད་བཙན་བྱོལ་དུ་མེ་རོ་རྨང་ནས་གསོ་གནང་མཛད་པའི་བླ་ན་མེད་པའི་བཀའ་དྲིན་རྗེས་དྲན་དུ་གཡུ་ཐོག་གཟེངས་རྟགས་ཐེངས་དང་པོ་ཕུལ་གནང་བ།། ཕྱི་ལོ་༢༠༡༠ ཟླ་༣ ཚེས་༡༥ ལ།།

Presenting Yuthog Award to Late Dr. Tenzin Choedak - 15th March 2010

བོད་གཞུང་སྨན་རྩིས་ཁང་གི་༸སྐུའི་བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་མཆོག་བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་སུ།། ཕྱི་ལོ་༢༠༡༠ ཟླ་༣ ཚེས་༡༥ ལ།།

Presenting Yuthog Award to Dr. Yeshi Dhondhen - 27th October 2012

རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་སུ།། ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༢༧ ལ།།

yuthog-award

ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེ་མཆོག་ལ་བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་སུ།། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༥ ལ།།